《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月05日

རྩལ་ནུས་སྦྱངས། ལས་ཞུགས་བདེ།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གིས“མི་རེ་གསོ་སྦྱོང་དང་། མི་རེ་ལས་ཞུགས། དུད་ཚང་རེ་དབུལ་སྒྲོལ། ཡུག་གཅིག་སྣེ་ཁྲིད་ཐུབ་པ་བཅས་ཀྱི”དམིགས་ཚད་ལ་གཞིགས་པ་དང་ཁྲོམ་རའི་དགོས་མཁོ་ལྟར་ཁྲིམས་གཏན་འཁེལ་བའི་ངལ་རྩོལ་གྱི་ལོ་ཚད་དང་མཐུན་པ་དང་། ངལ་རྩོལ་ནུས་ཤུགས་ཡོད་པ། གསོ་སྦྱོང་བྱས་ནས་ལས་ཞུགས་ལས་གཏོད་བྱེད་འདོད་པའི་ངལ་ནུས་དབུལ་པོར་དམིགས་ཏེ་མངགས་ཐོའི་རྣམ་པའི་ལས་ཞུགས་གསོ་སྦྱོང་བྱས་ནས། མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་མ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་པོ་ཡོང་བ་བྱས་ཤིང་། འདི་ནི་གསོ་སྦྱོང་བྱས་པའི་གམ་པ་རྫོང་གམ་པ་གྲོང་རྡལ་གྱི་མང་ཚོགས་ཀྱིས་ལུག་མིག་མེ་ཏོག་འདེབས་གསོའི་རྟེན་གཞིར་ལས་ཀ་བྱེད་བཞིན་པ།