《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

ཚན་རྩལ་ཁང་དུ་ཁོར་ཡུག་སྲུང་སྐྱོང་སྐོར་སློབ་སྦྱོང་བྱས་པ།

ཉེ་ཆར། 《ནན་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་གྱི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་རེད། ནན་ཅིང་ཚན་རྩལ་ཁང་གིས་ཚན་རིག་ཁྱབ་གདལ་གཏོང་བའི་རང་ངོས་ཀྱི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་ལྟ་སྐོར་ལ་ཡོང་བའི་ཕྲུ་གུ་ཚོ་སྒྲིག་འཛུགས་ཀྱིས“ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང”གི་འགྲེམས་ཁུལ་ལ་ལྟ་རུ་བཅུག་སྟེ། ཁོང་ཚོར་གད་སྙིགས་རིགས་དབྱེའི་ཤེས་བྱ་འགྲེལ་བཤད་བརྒྱབ་ནས་ཕན་ཚུན་མཉམ་འགུལ་ཁྲོད་ཕྲུ་གུ་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོང་གི་གོམས་གཤིས་བཟང་པོ་འཇགས་ཐབས་བྱས་པ་རེད། འདི་ནི་ཕྲུ་གུ་ཚོ་ནན་ཅིང་ཚན་རྩལ་ཁང་དུ“རླུང་ཤུགས་དང་འགྲོགས་པ་སྟེ། རླུང་ནུས”ཀྱི་ཚན་རིག་ཁྱབ་གདལ་རྣམ་གྲངས་ཀྱི་ཕན་ཚུན་མཉམ་འགུལ་ནང་ཞུགས་བཞིན་པ།