《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

གཟའ་འཁོར་འདིའི་གནམ་གཤིས།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་11ཚེས་2ནས་8ཉིན་བར)

གཟའ་ཟླ་བ་ནས་ལྷག་པ་བར། ཉིང་ཁྲིར་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བའམ་གངས་མ་ཆར་འབབ་རྒྱུ། མངའ་རིས་ཀྱི་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་འཁོར་ནས་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་ཕུར་བུ་ནས་གཟའ་སྤེན་པ་བར། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་ལ་གངས་ཆུང་བ(ཆར་པ)འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། མངའ་རིས་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ཤར་ལྷོའི་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་ཉི་མར། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་པོ་འཁོར་རྒྱུ།

མ་འོངས་ཉིན་བཅུའི་ནང་ནག་ཆུ་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གཞིས་རྩེ་དང་། ལྷ་ས། ལྷོ་ཁ་བཅས་ཀྱི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ།

གཉིས། གྲོས་འགོ

1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་དུ་གངས་མ་ཆར་གྱི་གནམ་གཤིས་བསྟན་མང་བས། ས་བབ་མཐོ་བའི་འགྲིམ་འགྲུལ་དང་འབྲོག་ལས་ལ་སྐྱོན་རྒྱག་སྲིད།

2.ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་གནམ་གཤིས་དྲོད་ཚད་ཅུང་མཐོ་བ་དང་སྐམ་ཤས་ཆེ་བས། མེ་སྤྱོད་བདེ་འཇགས་ལ་དོ་སྣང་དང་། རྩྭ་ཐང་དང་ནགས་ཚལ་གྱི་མེ་སྐྱོན་ལ་དོགས་ཟོན་བྱེད་དགོས།

3.ནག་ཆུ་དང་གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་མང་བས། དོགས་ཟོན་བྱེད་དགོས།