《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

རང་ལྗོངས་ཀྱིས“དྲ་སྦྲེལ+སྲིད་དོན་ ཞབས་ཞུའི”ལས་དོན་གྱི་གསོ་སྦྱོང་ ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་1ཉིན་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉིན་ཤས་གོང་རང་སྐྱོང་ལྗོངས་ཀྱིས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལས་དོན་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད།

ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)ཁག་གི་སྲིད་འཛིན་ཞིབ་བཤེར་མཆན་བཀོད་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ལས་བགོས་དོ་དམ་འགོ་ཁྲིད་དང། ལས་སྒོའི་རྐང་འཛིན་མི་སྣ། དེ་བཞིན་རྣམ་གྲངས་གཞུང་དོན་ཁང་གི་ལས་སྟེགས་འཛུགས་གཏོད་སྦྲེལ་མཐུད་ཚོགས་ཆུང་། དོན་ཚན་གསེད་བཀྲོལ་ཞིབ་བཤེར་ཚོགས་ཆུང་། གྲངས་གཞི་མཉམ་སྤྱོད་ཚོགས་ཆུང་། དྲིལ་བསྒྲགས་གསོ་སྦྱོང་ཚོགས་ཆུང་བཅས་ཀྱི་ཁོངས་མི་གསོ་སྦྱོང་ཚོགས་འདུར་ཞུགས་པ་རེད།

གསོ་སྦྱོང་ཐོག་གྲོང་ཁྱེར་དང་ས་གནས་ཁག་གིས“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་དོན་འཁྱོལ་ལ་དམ་འཛིན་དང་། ཡིད་ཆེས་བརྟན་དུ་གཏོང་བ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བཅས་ཀྱིས“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་པ་རེད། (དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)