《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

2020ལོའི་བོད་ལྗོངས་མཐོ་གསར་གྲངས་འཛིན་དང་ལྗང་མདོག་བཟོ་ལས། བཟོ་ལས་གླིང་བཅས་ཀྱི་ཆེད་དོན་ཚོང་འགུཌ་འོས་སྦྱོར་འདུ་ཚོགས་འཚོཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་པེ་ཅིང་དུ་2020ལོའི་བོད་ལྗོངས་མཐོ་གསར་གྲངས་འཛིན་དང་། ལྗང་མདོག་བཟོ་ལས། བཟོ་ལས་གླིང་བཅས་ཀྱི་ཆེད་དོན་ཚོང་འགུགས་ཀྱི་འོས་སྦྱོར་འདུ་ཚོགས་འཚོགས་ཤིང་། ད་རེས་ཀྱི་ཚོང་འགུགས་འོས་སྦྱོར་གྱི་འདུ་ཚོགས་ཐོག་མ་འཇོག་གི་གན་རྒྱ་15ལ་མིང་རྟགས་བཀོད་དེ་མ་དངུལ་སྒོར་དུང་ཕྱུར་10ལྷག་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འོས་སྦྱོར་འདུ་ཚོགས་འཚོགས་པའི་དམིགས་ཡུལ་ནི། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དེ་རེད། འདུ་ཚོགས་རིང་། བོད་ཀྱི་གཙོ་གནད་ཐོན་ལས་གླིང་དང་། ཚོང་འགུགས་ཁེ་ལས་ཀྱི་འཐུས་མི་སོ་སོས་ཚོང་འགུགས་འོས་སྦྱོར་བྱས་ཤིང་། མ་འཇོག་ཁེ་ལས་དང་ཁྱད་ལྡན་ཐོན་ལས་ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་བྱས་པ་རེད།

ཐེངས་འདིའི་འོས་སྦྱོར་འདུ་ཚོགས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ཆ་འཕྲིན་ཅན་གྱི་ཐོན་ལས་འཕེལ་རྒྱས་ཐད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ནས། ལྗོངས་ཕྱིའི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཁེ་ལས་ཀྱིས་བོད་ཀྱི་འཛད་སྤྱོད་དངོས་ཟོག་དང་ཆ་འཕྲིན་ཅན་གྱི་ལས་རིགས་ལ་རྒྱུས་མངའ་སྔར་བས་ཟབ་མོ་བྱུང་སྟེ། སླད་ཕྱིན་ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བོད་ཀྱི་ཐོན་ལས་འཁོར་སྦྲེལ་འཐུས་སྒོ་ཚང་དུ་གཏོང་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད།