《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོ་ཁོངས་གཏོགས་ཀྱིས།

མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་དང་ མི་སྒེར་ལ་གཟེངས་བསྟོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོ་ཁོངས་གཏོགས་ཀྱིས་མི་རིགས་མཐུན་སྒྲིལ་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ཉེ་བའི་ལོ་ཤས་རིང་སློབ་གསོའི་ཁོངས་གཏོགས་ཀྱི་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་བྱུང་བའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་ཆེན་ཐོག་ཆབ་མདོ་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པ་སོཌ་སློབ་གྲྭ་38ལ“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སློབ་གྲྭའི”མཚན་སྙན་སྤྲད་པ་དང་། ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་འཇམ་དབྱངས་ཆོས་སྒྲོན་སོགས་དགེ་རྒན་56དང་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་གསུམ་པའི་འཛིན་གྲྭ་16པའི་དོན་གྲུབ་ལྷ་རྒྱལ་སོགས་སློབ་མ་50ལ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་རེད།