《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

2020ལོའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་གཅིག་གྱུར་ཡིག་རྒྱུཌ་རང་ལྗོངས་སུ་བདེ་བླག་ངང་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་31ཉིན། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་གི་མཐོང་ཆེན་དང་དོ་ཁུར་དང་། ཁོངས་མིའི་ཚན་པ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་འོག་2020ལོའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་གཅིག་གྱུར་ཡིག་རྒྱུགས་བདེ་བླག་ངང་བཏང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ལྗོངས་ཁྲིམས་ལུགས་ཡིག་རྒྱུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཧུང་པོ་ཡིས་ལྗོངས་ཡོངས་ཡིག་རྒྱུགས་སྒྲིག་འཛུགས་དང་ལག་བསྟར་གྱི་གནས་ཚུལ་ལ་བརྙན་ལམ་ནས་སྐོར་གཟིགས་གནང་བ་དང་འབྲེལ་ཡིག་རྒྱུགས་གཏོང་ས་ཁག་གི་ཡིག་རྒྱུགས་སྒྲིག་འཛུགས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གནས་ཚུལ་སྙན་གསེང་གསན་ནས་ལས་དོན་ཐད་བླང་བྱ་ཡང་བཏོན་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་རང་ལྗོངས་སུ་ཡིག་རྒྱུགས་གཏོང་ས་6དང་། ཡིག་རྒྱུགས་ས་ཚིགས་12 རྒྱུགས་ར་54བཅས་ཡོད་ལ། མི་3000ཙམ་གྱིས་མིང་ཐོ་བཀོད་ནས་ཡིག་རྒྱུགས་ལ་ཞུགས་པ་དེ་2019ལོ་ལས་9%མང་དུ་སོང་ཡོད། ཡིག་རྒྱུགས་གཏོང་བ་ཁག་གིས“རྒྱུགས་ནན་པོ་གཏོང་བ་དང་། དོ་དམ་ཚད་ལྡན་ཡོང་བ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ”བཅས་ཀྱི་རྩ་དོན་ལ་ནན་གྱིས་གཞིགས་ཤིང་། སྒྲིག་འཛུགས་ཞིབ་ཚགས་བྱས་ནས“ནོར་འཛོལ་མི་ཐོན་པ”དང་། སྒྲིག་ལམ་གོ་རིམ་ལྡན་པ་བྱས་ནས“གནས་ཚུལ་མི་ཐོན་པ”འགན་ལེན་གང་ལེགས་བྱས་ནས“ཁུག་གསང་མ་ལུས་པ”སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ནས“ཞུ་གཏུག་བྱེད་མཁན་མེད་པ”བཅས་ཐུབ་པར་བྱས་ཏེ་ཡིག་རྒྱུགས་ལས་དོན་བདེ་འཇགས་དང་། བརྟན་པོ། བདེ་བླག་བཅས་ཡོང་བའི་འགན་ལེན་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆུང་བ་དང་པ་ཚེས་ཞུས)