《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月03日

བགྲེས་སོང་བྱམས་ཀྱིས་སྐྱོང་བ།

ཉེ་ཆར་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་དང་། བོད་སྨན་སྡེ་ཁག ནད་ཡམས་ཚོད་འཛིན་ལྟེ་གནས། སྨན་བཅོས་འགན་བཅོལ་ཅུས་སོགས་ཀྱི་ཚན་པའི་སྨན་དོན་མི་སྣས་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ“རྒན་གསོ་རྒན་སྐྱོང་རྒན་བཀུར་གྱི་སྲོལ་རྒྱུན་དར་སྤེལ་གཏོང་། བགྲེས་སོང་བྱམས་ཀྱིས་སྐྱོང་བའི་སྤྱི་ཚོགས་མཉམ་སྐྲུན་མཉམ་སྤྱོད་བྱེད”བརྗོད་དོན་གཙོ་བོར་བྱས་པའི་བདེ་ཐང་ཞབས་འདེགས་བྱེད་སྒོ་སྤེལ་ནས་བགྲེས་སོང་ཚོར་ཁྲག་ཤེད་ལྟ་བ་དང་། སྨན་སྤྲོད་པ། བོད་ལུགས་གསོ་རིག་གི་བདེ་ཐང་འཕུར་མཉེད། འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། སྨན་བཅོས་འགན་བཅོལ་སྲིད་ཇུས་གསལ་འགྲེལ་སོགས་ཀྱི་ཞབས་འདེགས་ཞུས་ཤིང་། འདི་ནི་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས་བགྲེས་སོང་ལ་གཟུགས་པོ་བརྟག་དཔྱད་བྱེད་བཞིན་པ།