《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月24日

གནའ་གྲོང་དུ་རྒན་གཅེས་བྱེད་སྒོ་སྤེལ་ནས་དགུ་པའི་ཚེས་དགུའི་དུས་ཆེན་བསུ་བ།

ལོ་གཅིག་དུས་གཅིག་གི་དགུ་པའི་ཚེས་དགུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཟླ་10ཚེས་20ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཕུའུ་ཡང་ཆུས་ལུང་མོན་གནའ་གྲོང་དུ་རྒན་གཅེས་རྒན་བཀུར་གྱིས་དགུ་པའི་ཚེས་དགུའི་དུས་ཆེན་དགའ་གཏོང་བྱེད་པའི་བྱེད་སྒོ་སྤེལ་བ་དང་རྒན་རྒོན་ཚོར་ཚེ་རིང་ཐུག་པ་དང་འཚམས་འདྲིའི་དངུལ་སྤྲད་པ་མ་ཟད་ད་དུང་ཀྲེ་ཅང་གི་ཟློས་གར་དང་། རྩལ་རྩེད། གླུ་གཞས་སོགས་ལྟད་མོ་ཆེ་བའི་འཚམས་འདྲིའི་འཁྲབ་སྟོན་བྱས་ཤིང་། འདི་ནི་ལུང་མོན་གནའ་གྲོང་གི་རྒན་རྒོན་ཚོས་མེས་པོའི་མཆོད་ཁང་ནང་ལྟད་མོ་ལྟ་བ་དང་དགུ་པའི་ཚེས་དགུའི་དུས་ཆེན་བསུ་བའི་བྱེད་སྒོར་ཞུགས་བཞིན་པ།