《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月24日

རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ལག་བསྟར་བྱས་པ་དང་འབྲེལ་སྙན་སེང་ཡང་གསན་པ་དང་། དུས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་དང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡི་ཚབ་ཞུས་ནས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཁོང་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། ཧྲུའུ་ཅི་ཝུའུ་དབྱིང་ཅེའི“བཀའ་མོལ་གསུམ”གྱི་བླང་བྱར་གཞིགས་པ། བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོ་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས། ཆབ་སྲིད་ཀྱི་རང་རྟོགས་བརྟན་དུ་གཏོང་བ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲི་ཁུར་སེམས་ལ་ཤུགས་སྣོན་རྒྱག་པ། ཏན་ཏིག་ངང་ལས་དོན་སྤེལ་བ་བཅས་བྱས་ཏེ་རྒྱལ་སྟོན་གྱི་ངལ་གསོའི་ཉིན་མོ་དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་གི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་བཞག་སྟེ་ཚོད་བགམ་ཐུབ་པ་བྱེད་པ་དང་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བྱེད་པ་དང་ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་བྱས་ཏེ་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། དོན་རྐྱེན་གལ་ཆེན་ཐག་གཅོད་བཅས་བྱེད་པའི་གྲ་སྒྲིག་ལས་དོན་གང་ལེགས་བསྒྲུབས་ནས་གནད་དོན་ལ་ངོས་འཛིན་དང་། གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། དམངས་གཙོའི་ཇུས་འགོད། ཁྲིམས་བཞིན་ཇུས་འགོད་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། བཀོད་སྒྲིག་སྤྱི་འདོམས་དང་། གཙོ་གནད་མངོན་པ། རིགས་དབྱེ་ཇུས་བསྟར་བྱེད་པ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་འགོག་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། དྲ་རྒྱའི་གནས་ཚུལ་ལ་ལྟ་འདོམས་དང་ཆེད་དོན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས་དྲ་རྒྱའི་བར་མཐོངས་གཙང་མ་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ་འགལ་ཟླ་གྲལ་བཤེར་དང་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་སྒྲུབ་པ། འགལ་ཟླ་རྩོད་གཞི་དང་ཉེན་ཁ་གཞི་རིམ་དུ་ཐག་གཅོད་བཅས་བྱས་ཏེ་གནས་ཚུལ་མ་ཐོན་གོང་དུ་ཐག་གཅོད་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འགག་རྩར་དམ་འཛིན་བྱས་ཏེ་ཁྱོན་ཡོངས་སྔོན་འགོག་ཚོད་འཛིན་དང་། གཙོ་གནད་ཁྱབ་ཁོངས་དང“མཐའ་གཉིས་རྒྱུད་གཅིག”གི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་འབྲེལ་ཡོད་བྱེད་སྒོའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་བདེ་འཇགས་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་གཏན་འགོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་བསྟན་བཟང་གིས་ཞུས)