《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月24日

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པ།

● གྲུབ་ཆ་ལེགས་སུ་ཕྱིན་པ།

2019ལོར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་དངུལ་གྲངས་ཁྱོན་སྒོར་དུང་ཕྱུར་ཁྲི་40ལྷག་ཙམ་ཟིན་པ། མཐའ་མཇུག་འཛད་སྤྱོད་འགྲོ་གྲོན་གྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད་60%ཙམ་རྒྱུན་འཁྱོངས་ཐུབ་པ།

2015ལོ་ནས་2019ལོ་བར། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་དངོས་ཡོད་འཕར་ཚད་10.4%ཟིན་པ།

● འཕར་ཤུགས་ཆེ་བ།

2019ལོར་རང་རྒྱལ་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་14ལ་སླེབས་པ་དེ་ལོ་གོང་མ་ལས་ཨང་རིམ་གསུམ་འཕར་བ།

ཞིབ་འཇུག་གསར་སྤེལ་ལ་གྲོན་དངུལ་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ།

● མཐུན་སྦྱོར་རང་བཞིན་ཡག་པ།

རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་ཡིན་ཚད་60.6%འཕར་བ་དེ་2015ལོ་ལས་བརྒྱ་ཆའི་གྲངས་4.5མཐོ་རུ་ཕྱིན་པ།

ཤར་རྒྱུད་དབུས་རྒྱུད་ནུབ་རྒྱུད་དང་བྱང་ཤར་གྱི“ཁུལ་ཆེན་པོ་བཞི”མཉམ་དུ་འཕེལ་རྒྱས་ཕྱིན་ནས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་རྣམ་པ་གསར་པ་ཐོན་པ།

● རྒྱུན་མཐུད་རང་བཞིན་ཆེ་བ།

2019ལོར། རྩིས་གཞིའི་GDPནུས་རྒྱུའི་ཟད་གྲོན་2015ལོ་ལས་13.2%ཆག་པ། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་82%ཟིན་པ།