《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月24日

ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་གསུམ་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

འདི་ནི་བདམས་ཐོན་པས་ནུས་ཤུགས་ཡོད་རྒུས་འགྲན་བསྡུར་ལ་ཞུགས་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་22ཉིན། ལྗོངས་ཕྱི་ནང་གི་རྐང་འཁོར་རུ་ཁག་26གི་འགྲན་ཞུགས་པ་100ལྷག་ཙམ་བདེ་འཇགས་ངང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འབྱོར་བ་དང་། འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད། ལམ་རྒྱུད་ནི་ཉིང་ཁྲི་དང་ལྷ་ས་གྲོང་ཁྱེར་གཉིས་ཡིན་པ་དང་འགྲན་ཡུན་ཉིན་3རེད། ལམ་ཐག་སྤྱི་ལེ་200ལྷག་ཙམ་ཟིན་པའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་གསུམ་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་མཇུག་འགྲིལ་ཤིས་ཚིག་གསུང་སྐབས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་དང་། འགྲན་ཞུགས་པ་ཡོངས། ཤན་འབྱེད་པ། སྨྱན་སྦྱོར་ཚན་པའི་གསར་འགོད་པ། ལས་དོན་པ་བཅས་ཀྱི་ཐུན་མོང་འབད་བརྩོན། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཞུགས་ནས་དཔང་པོ་བྱས་པ་བཅས་ཀྱི་འོག་ངོ་མཚར་ཆེ་བ་དང་། བདེ་འཇགས་ལྡན་པ། ཕུན་སུམ་ཚོགས་པ་བཅས་ཀྱི་འགྲན་བསྡུར་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། དུས་རབས་གསར་པས་འགན་འཁྲི་གསར་པ་དཀྲིས་པས། ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་དྲིན་ཚོར་ཡར་བརྩོན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ནད་ཡམས་འགོག་པའི་རླབས་ཆེན་གྱི་སྙིང་སྟོབས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་ལག་བསྟར་བྱེད་པ་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་། ད་རེས་ཀྱི་འགྲན་བསྡུར་དེ“རྒྱུད་གཅིག་ལམ་གཅིག”འཛུཌ་སྐྲུན་ནང་ཧུར་ཐག་ཞུགས་པའི་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་ཞིག་ཏུ་འགྱུར་བ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅན་མིང་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག དེ་བཞིན་ལྷ་ས་དང་ཉིང་ཁྲི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།