《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月23日

སྣང་རྫོང་ལྡེབ་མོ་ཤང་གིས།

ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། སྣང་རྫོང་ལྡེབ་མོ་ཤང་གིས་ཁྱད་འཕགས་ཀྱི་རང་བྱུང་ལེགས་ཆ་དང་སྣོད་བཅུད་ལེགས་ཆར་བརྟེན་ནས་འབྲོག་ལས་གཙོ་བོར་བྱས་པའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ། “ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ལག་རྩལ། མཉམ་སྡེབ་གསོ་ཚགས་རྟེན་གཞིས་ཁ་ཐོར་དུད་ཚང་སྣེ་ཁྲིད། ཁག་བགོས་བྲིན་ཚོང་བཅས་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མང་ཚོགས་སྣེ་ཁྲིད་ཀྱིས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་ཏུ་སྐྱོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་བཞིགས་ན། ལོ་མང་རིང་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཆུང་བ་ནས་ཆེ་བ་དང་ཁ་ཐོར་ནས་གཅིག་སྡུད་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་པ་དང་། “ལྷ་གུང་ཐང”སྤུས་རྟགས་ཚོང་རྟགས་ཐོ་འགོད་བདེ་བླག་བྱུང་བ། རིགས་ཆེ་གྲས་4ཡི་ཐོན་རྫས་10གསར་སྤེལ་ཐུབ་ཡོད། མིག་སྔར་ཤང་ཡོངས་སུ་འབྲི་གཡག་ལག་ཡོད་མགོ་གྲངས་ཁྲི་1.3ཡོད་པ་ནས་ལོར་བཤས་གཏོང་ཚད་མགོ་གྲངས་1300ཙམ་ཟིན་པར་ཡོང་འབབ་སྒོར་ཁྲི་780བྱུང་བ་དང་། ལོར་སྤུས་ལེགས་མར་རྒྱ་མ་ཁྲི་2.1ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་147བྱུང་བ། ལོར་ཕྱུར་བ་རྒྱ་མ་ཁྲི་2ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་70བྱུང་ཡོད་པ་རེད།

གཞན་ཡང་། ལྡེབ་མོ་ཤང་གིས་ད་དུང་ར་ལུག་གསོ་ཚགས་རྣམ་གྲངས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་བྱེད་པ། ཐོན་ལས་གྲུབ་ཆ་ཕུན་སུམ་ཚོགས་སུ་དང་ལེགས་སུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་པར། 2019ལོར་ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་ཟིན་ཡོད་པ་རེད།