《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月23日

དམིགས་ཚད་ལས་འགན་ལ་དམིགས་ནས་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱས་པ།

ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་གྲོང་ཁྱེར་ཡོངས་ཀྱིས་དམིགས་ཚད་ལས་འགན་ལ་དམིགས་པ་དང་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

གྲོང་ཁྱེར་དེས་རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་ལ་དམ་འཛིན་དང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་ཞིག་དང་། གོ་སྐབས་ལ་དམ་འཛིན་དང་འཕེལ་རྒྱས་དོན་གཉེར་བྱེད་པ་ཞིག དམངས་འཚོར་དམ་འཛིན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ཞིག་བཅས་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགག་གནད་ལ་བརྩིས་ནས་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། ཚད་ཡོད་ཀྱི་ལས་ཡུན་ལ་དམིགས་ཏེ་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་བ་དང་། ལས་ཡུན་ལྡོག་སྒྲིག་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། འཆར་འགོད་ཇུས་གཞི་དང་། མཛོད་འཇུག་བླང་བྱ། བུན་འཛིན་སྙན་ཞུ། སྤྱི་ཚོགས་ཀྱི་མ་འཇོག་གྲབས་གསོག་བཅས་ལ་དམིགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ཡག་པོ་བཟོས་ཡོད། ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཏེ་སྔོན་འགྲོའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་དང་། འབྲེལ་གཏུག་སྙན་སེང་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་གཏོང་སྤྲོད་མགྱོགས་སུ་བཏང་བ་དང་མ་དངུལ་གྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ། དམིགས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་དང་ས་ཞིང་མཁོ་སྤྲོད་དང་ཨར་སྐྲུན་རྒྱུ་ཆའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ནས་གོ་རིམ་ནན་དུ་བཏང་བ་དང་རྣམ་གྲངས་དོ་དམ་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་ཡོང་བར་བྱས་ཏེ་དོ་དམ་གྱི་ཆུ་ཚད་མཐོ་རུ་དང་། ལས་གྲྭའི་སྤུས་ཚད་ལེགས་སུ། མ་འཇོག་གི་ཕན་འབྲས་ཆེ་རུ་བཅས་བཏང་ཡོད། ཁོར་ཡུག་ལེགས་སུ་གཏོང་བར་དམིགས་ནས་རིམ་པ་དབྱེ་ནས་འགན་འཁྲི་ཁུར་བ་དང་འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་བྱས་པ་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།