《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月23日

ཞིང་ནང་དུ་ཞིང་ལས་ལག་རྩལ་ལ་དམར་ཁྲིད་བྱས་པ།

ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིགས་གཅིག་མཁས་དབང་དང་། དགེ་རྒན་ཆེ་མོ་བ། ལག་རྩལ་རྐང་འཛིན་མི་སྣ་བཅས་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ལ་བཏང་བ་དང་འབྲེལ། ཕུགས་ལ་རོགས་སྐྱོར་དང་། རྩ་བར་དོ་དམ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ཏེ། དེང་རབས་ཀྱི་ཞིང་འབྲོག་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་མི་སྣ། ཆུ་བེད་ཆུ་གློག་གི་ཤེས་ལྡན་མི་སྣ། འགྲུལ་ཁང་གཉེར་སྐྱོང་པ་སོགས་འབོར་ཆེན་གསོ་སྐྱོང་བྱས་པར་བརྟེན། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ་པ་མ་ཟད། ཞིང་འབྲོག་པར་ལག་རྩལ་སྦྱོང་ཐུབ་པ་དང་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་མ་ཐེབས་ཤིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་མངགས་པའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་ལ་ཞིང་སྨན་སྤྱོད་སྟངས་སློབ་བཞིན་པ།