《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

ལྗོངས་ཡོངས་ཀྱི་ས་གནས་ལོ་རྒྱུས་ཀྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་16ནས་20ཉིན་བར་ལྗོངས་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་ལྷ་སར་ལྗོངས་ཡོངས་ཀྱི་ས་གནས་ལོ་རྒྱུས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ལོ་རྒྱུས་རྩོམ་སྒྲིག་ལས་སྒོའི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་དང་། ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ། ལོ་རྒྱུས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ལོ་རྒྱུས་ལས་དོན་གྱི“དམིགས་ཚད་ཆ་ཚང་གཉིས”ཀྱི་མཇུག་བསྡུའི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་ཐད་བགྲོ་གླེང་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་ཆེད་དོན་ལོ་རྒྱུས་དང་ཤང་དང་གྲོང་རྡལ་གྲོང་ཚོ་བཅས་ཀྱི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་ལ་ཇུས་འགོད་བྱས་པ་རེད།

ལྗོངས་ནང་ཁུལ་གྱི་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་3དང་ལྗོངས་ས་གནས་ལོ་རྒྱུས་གཞུང་ལས་ཁང་གི་ལོ་རྒྱུས་ལས་སྒོའི་རྐང་འཛིན་པ་4ཡིས་ལོ་རྒྱུས་ལ་དཔྱད་བརྗོད་བྱས་པའི་ཐོག་ནས་སློབ་མ་ཚོར་སློབ་ཁྲིད་བྱས་ཡོད། ས་ཁུལ་གྲོང་ཁྱེར་དང་རྫོང(ཆུས)གི་ལོ་རྒྱུས་ལས་དོན་པ་དང་ཆེད་དོན་ལོ་རྒྱུས་དང་ཤང་དང་གྲོང་རྡལ་གྲོང་ཚོ་བཅས་ཀྱི་ལོ་རྒྱུས་རྩོམ་སྒྲིག་པ་ཁག་གཅིག་བཅས་ཁྱོན་མི་74ད་རེས་ཀྱི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།