《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུཌ་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སྒྲོག་འགྲེལ་ཚོཌ་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་གསབ་ཁྲིད་སྒྲོག་འགྲེལ་ཚོགས་ཆེན་སྐོང་འཚོགས་བྱས་པ་རེད།

ཚོགས་འདུའི་ཐོག་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་ཧང་ཀྲང་ལིན་ཆིང་གིས་བོད་སྐྱོང་དང་བོད་བརྟན་བོད་དར་སྐོར་གྱི་རིག་གཞུང་གི་བསམ་ཕྱོགས་གསར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་མདུན་ལམ་གསར་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པོའི་གོང་འཕེལ་གཏོང་བའི་བྱ་ཐབས་གསར་པ། བོད་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་སོགས་ལ་དམ་པོར་གཞིགས་པ་དང་དངུལ་ཁང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་གསལ་འགྲེལ་བྱས་པ་མ་ཟད། དངུལ་ཁང་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་ཞིང་ལས་སྤྱི་ཁྱབ་དངུལ་ཁང་གི་བླང་བྱ་ཁག་དངོས་འཛིན་བདེན་སྒྲུབ་བྱས་ཏེ་གཅིག་ནས་བརྟན་ལྷིང་སྲུང་སྐྱོང་ནི་ལས་འགན་ཨང་དང་པོར་འཛིན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་དངུལ་རྩའི་བརྟན་ལྷིང་འགན་ལེན་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་སྤུས་ཚད་ལེགས་པོའི་གོང་འཕེལ་གཙོར་བཟུང་གིས་དངུལ་རྩས་ས་གནས་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རམ་འདེགས་བྱེད་དགོས་པ། གསུམ་ནས་དངུལ་རྩའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནས་དངུལ་རྩས་མཐའ་སྲུང་གི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མཐའ་བརྟན་མཐའ་དར་འགན་ལེན་བྱེད་དགོས་པ། ལྔ་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་ཡོང་བར་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་གཏིང་ཟབ་བྱེད་དགོས་པ་བཅས་ལ་ཕྱོགས་ཡོངས་ནས་ཞིབ་ཕྲའི་བཀོད་སྒྲིག་བྱས་ནས་བོད་ལྗོངས་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་རུ་ཁག་དང་གཙོ་ཤུགས་དམག་གི་དངུལ་རྩའི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། རྒྱལ་ཁབ་བདེ་འཇགས། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

(འཕྲིན་སྤེལ་བ་ཕུར་བུ་དོན་གྲུབ)