《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

ཁྲེན་ཡུང་ཆི་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན། ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་བརྙན་ལམ་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་རྩ་འཛུགས་པུའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་མ་ཟད། ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཁྲེན་ཡུང་ཆིས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་གྱིས་ཆབ་སྲིད་བྱང་ཚད་ཀྱི་རྟོག་ཞིབ་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་ཞུན་བརྡར་སྤྲོས་དགོས། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་ངང་དག་ཐེར་བྱེད་པ་དང་རྩ་འཛུགས་གཉིས་ཀྱི་ཏང་གི་རྩ་འཛུགས་དང་ལས་དོན་འགག་སྒྲོལ་ལ་ཁྱབ་པའི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་དགོས། སྲིད་འཛིན་རྐང་འཛིན་དཔུང་ཁག་དང་ཤེས་ལྡན་པའི་དཔུང་ཁག་འཛུཌ་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར་གཏིང་ཟབ་ཏུ་གཏོང་དགོས། ཏང་གི་རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ནང་ཁུལ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་ལེན་སྟོབས་ཆེན་མཁོ་འདོན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་དང་། དེ་བཞིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དེ་བས་ཞིབ་ཕྲར་ཕྱེ་ནས་ལས་བགོས་རྒྱག་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འགོ་ཁྲིད་གཙོ་བོས“ལས་དཔོན”ཡག་པོ་བྱེད་པ་དང་ཁག་བགོས་འགོ་ཁྲིད་དང་། རྩ་འཛུགས་པུའུ་ཀྲང་། མི་དོན་ཁྲུའུ་ཀྲང་བཅས་ཀྱིས་ཇུས་འདོན་ལས་རོཌ་ཡག་པོ་བྱས་ཏེ་ཁ་བཤད་ལག་ལེན་དང་ལས་འགན་ལྕི་པོ་འཁུར་ཕོད་པ་བྱས་ནས་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།