《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

རང་ལྗོངས་ཀྱིས་དམག་ཞབས་ཐིམ་པའི་དམག་མིར་ཞབས་ འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།

དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ལྟེ་གནས(ས་ཚིགས)1170བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔའི་བར་ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)བཅས་རིམ་པ་ལྔ་དང་འབྲེལ་བའི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ལྟེ་གནས(ས་ཚིགས)ཁྱོན་1170ཡོད་པའི་ཁྲོད་རྫོང་དང་ཆུས་རིམ་པ་74དང་། ཤང་དང་གྲོང་རྡལ་རིམ་པ་460 གྲོང་ཚོ(གྲོང་ལྷན)རིམ་པ་628བཅས་ཡོད་ཅིང་། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་བཀོད་སྒྲིག་དང་། དམག་བཀུར་གཟིགས་སྐྱོང་། བསྟོད་བསྔགས་རྗེས་དྲན། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁེ་དབང་སྲུང་སྐྱོང་སོགས་ལས་དོན་ཁག་ནུས་ལྡན་ངང་སྤེལ་རྒྱུར་ཕན་པ་དང་། དམག་ཞབས་ཐིམ་པའི་དམག་མིར་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ནུས་ལྡན་ངང་བསལ་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོར་བསྒྲུབས་ནས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་གི་ནུས་པ་མཐོ་རུ་གཏོང་ཆེད། རང་ལྗོངས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་སྲིད་ཇུས་ཁྲིམས་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་ཞིབ་ཕྲའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་ཤུགས་སྣོན་བརྒྱབ་ཅིང་། དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་མ་གཏོང་བའི་ལག་བསྟར་ཞིབ་སྲོལ་དང་རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཀྱི་ཁྲལ་འབབ་སྲིད་ཇུས་བཏོན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་ལྗོངས་ཀྱི་དམག་འབྲེལ་རྣམ་གྲངས་ཀྱི་འཆར་འགོད་དང་རིགས་པས་ཁུངས་སྐྱེལ་ལེགས་སྒྲུབ་བྱས་ཏེ་རང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་བསྒྲུབ་ཆེད་ལམ་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། མིག་སྔར་པེ་ཅིང་དང་། ཁྲེང་ཏུའུ། ཤིས་ཨན། ཧྲང་ཧའེ་བཅས་སུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁང་གི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ལྟེ་གནས་བསྐྲུན་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་པ་རེད།