《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

བྲག་ཡིབ་ཆུས་བསྡོམས་རྩིས་ཅུས་ཀྱིས།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཚོགས་ལས་རིགས་ཁག་གིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་ཤེས་རྟོཌ་ཐུབ་ཚད་དང་གཞོཌ་འདེགས་བྱེད་ཚད་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཐེངས་བདུན་པ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་ཆེད། ཉེ་ཆར་བྲག་ཡིབ་ཆུས་བསྡོམས་རྩིས་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་མཉམ་འབྲེལ་ཐོག་ཞ་མོན་ཐང་ཆེན་དུ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྲག་ཡིབ་ཅུས་བསྡོམས་རྩིས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་འགྲེམས་པང་ཆེད་མངགས་བཟོས་པ་དང་འབྲེལ། འགྲོ་འོང་བྱེད་མཁན་ཚོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཚོན་ཤོག་དང་། ལོ་ཐོ། ལག་ཁུག་སོགས་དྲན་རྟེན་དངོས་པོ་ཆུང་གྲས་ཀྱང་སྤྲད་པ་དང་། བརྙན་ཤེལ་ཆེན་པོའི་ཐོག་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་གློག་བརྙན་ཡང་ཡང་བསྟན་པ་མ་ཟད། ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་མཁན་ཡང་ཆེད་མངགས་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཚོར《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གལ་ཆེའི་རང་བཞིན་དང་འབྲེལ་ཡོད་ཀྱི་བླང་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཁར། རྒྱ་ཆེའི་གྲོང་མི་ཚོས་ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་ལ་གཞོགས་འདེགས་དང་ཡོངས་ཁྱབ་ཞིབ་བཤེར་གྱི་རྣམ་གྲངས་ཇི་མ་ཇི་བཞིན་རེ་ཞུ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་དྲིལ་བསྒྲགས་ལག་དེབ་སྣ་ཚོགས་2000ལྷག་ཙམ་སྤྲད་པ་དང་མི་300ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།