《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

འགྲིམ་འགྲུལ་གྱི་སྒྲིག་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་པ།

ཤེས་དཔལ་གྲོང་ཁྱེར་གཏོད་འཛུགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་གཙང་བཟོ་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་ཆབས་ཅིག ཉེན་རྟོག་པ་ཡོངས་ལམ་ཁག་ཏུ་མངགས་ནས་ལས་སྒྲུབ་བྱས་པ་རེད། དུས་མཚུངས་སུ་ཁོངས་གཏོགས་ཁུལ་གྱི་ཉེན་དོན་ས་ཚིགས་དང་གྲོང་ཁྱེར་དོ་དམ། སྡེ་ཁུལ་ཨུ་ལྷན་བཅས་དང་མཉམ་འབྲེལ་གྱིས་སྒྲིག་འགལ་གྱི་འགྲིམ་འགྲུལ་བྱ་སྤྱོད་དང་ཚུལ་མིན་གྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཀརྨ་དགོན་གསར་ལམ་དུམ་དུ་རླངས་འཁོར་སྒྲིག་འགལ་ངང་བཞག་པར་བཅོས་སྒྲིག་བྱེད་བཞིན་པ།