《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

འཛམ་གླིང་གི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་གྱིས།

རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་ཀླུ་ནང་དུ་འཚོགས་པའི་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་གཏམ་བཟང་གྲགས་པར། བྲག་ཡིབ་ཆུས་ཀྱི་འཛམ་གླིང་གི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་གྱིས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། མཛེས་ལྗོངས་ཁུལ་དེ་ནི་2019ལོའི་ཟླ་11པར་མཁའ་སྟེང་རོང་ཤུར་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་རྗེས། བྲག་ཡིབ་ཆུས་ཀྱིས་བསྐྲུན་པའི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་གཉིས་པ་ཡིན་ལ། ད་ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་མིག་སྔའི་བར་དཔྱད་འདེམས་བྱས་པའི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་འབའ་ཞིག་དེའང་ཡིན་པ་རེད།

མཛེས་ལྗོངས་ཁུལ་དེ་ནི་ཤུག་སྡོང་ཆེན་པོ་ལས་སྐད་གྲཌ་ཆོད་ཅིང་། དེའི་ནང་གི་ཤུག་སྡོང་ཆེ་ཤོས་ལ“རིག་དངོས་གསོན་པོ”དང“འཛམ་གླིང་གི་ཤུག་སྡོང་རྒྱལ་པོ”ཞེས་འབོད། མཛེས་ལྗོངས་ཁུལ་གྱི་ཤུག་སྡོང་ཆེན་པོ་དེ་དང་ཉེ་འཁོར་ཁུལ་གྱི་སྔོ་ཁེབས་ལས་གྲུབ་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མ་ལག་དེར་ཕྱོགས་ཁག་གི་ལྟད་མོ་ལྟ་མཁན་ཡུལ་སྐོར་བས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། གཞན་ཡང་མཛེས་ལྗོངས་ཁུལ་གྱི་ཤུག་སྡོང་ཆེན་པོ་དང་། ཤིང་ཟམ་གྱི་ལམ། ལྗོངས་གཟིགས་བསིལ་ཁང་། སྣོད་བཅུད་འབྲས་ཤིང་ལྡུམ་ར་སོགས་ལ་ལྟད་མོ་ལྟ་བ་དང་ལོ་རྒྱུས་རིག་གནས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་རེད།

འཛམ་གླིང་གི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་གྱིས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་ལེགས་གྲུབ་བྱུང་བ་དེས་བྲག་ཡིབ་ཆུས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་མཉམ་འདྲེས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། བྲག་ཡིབ་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་ཡོད། གོམ་སྟབས་རྗེས་མར་བྲག་ཡིབ་ཆུས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དེ་བས་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས་འཛམ་གླིང་གི་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་དེ་འཛམ་གླིང་རིམ་པའི་ཤུགས་རྐྱེན་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུ་ཡིན་པ་དང་རྣམ་པ་གསར་རྐྱང་གི་ཐོག་ནས་ཕྱོགས་བཞིའི་སྐུ་མགྲོན་བསུ་རྒྱུ་རེད།