《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

མཐའ་མཚམས་འཐབ་ས་དང་པོར་བསྐྱོད། སྒྲོག་འགྲེལ་ལས་དོན་ཧུར་ཐག་སྤེལ།

ཏང་ཡོན་གྱི་སློབ་གསོ་ནི་ཏང་ཡོན་དོ་དམ་བྱེད་པའི་གཞི་རྟེན་གལ་ཆེན་དང་ཐབས་ལམ་ནུས་ལྡན་ཞིག་རེད་ལ། ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། མཚོ་སྣ་རྫོང་ཁ་ཆུ་ཤང་ཏང་ཨུད་ཀྱིས་ཞིང་འབྲོག་པ་ཏང་ཡོན་གྱི་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་ཏང་ཡོན་གྱི་ཏང་གཤིས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ་རེད། འདི་ནི་ཁ་ཆུ་ཤང་ཏང་ཨུད་ཀྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་ནས་ཞིང་འབྲོག་པ་ཏང་ཡོན་ལ་སྒྲོག་འགྲེལ་བྱེད་བཞིན་པ།