《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

“མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར”ལ་ཕར་ཆིན་རྒྱག་རྩལ་ངོམ་པ།

ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཏེན་སའེ་རྫོང་དབན་ཏ་གྲོང་རྡལ་ཆུང་ངུར་སྤེལ་བའི་ཀྲུང་གོའི་ཏེན་སའེ་ཡི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་བྱེད་སྒོར། ཀུའེ་ཀྲོའུ་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བ་མང་པོ་ཞིག་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་ཐོན་རྫས་གཅིག་སྡུད་ངོམ་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་བྱེད་སྒོ་ཟླ་10ཚེས་25ཉིན་བར་སྤེལ་རྒྱུ་རེད། འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཏེན་སའེ་རྫོང་དབན་ཏ་གྲོང་རྡུལ་ཆུང་ངུའི་མངོན་མིན་རིག་གནས་ཤུལ་བཞག་བཤམས་སྟོན་ཁང་དུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བས“ཧྲུའེ་རིགས་ཀྱི་རྟ་རྔའི་ཕར་ཆིན”རྒྱག་རྩལ་ངོམ་བཞིན་པ།