《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

མ་དངུལ་སྒོར་དུང་ཕྱུར་134ལྷག་ཙམ་བཏང་ནས་རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ“རྒན་རྒོན་མང་དུ་འགྲོ་བའི་གནས་ཚུལ”ལ་ཁ་གཏད་གཅོག་པ།

2019ལོའི་ལོ་མཇུག་བར། རང་རྒྱལ་དུ་ལོ་60ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་2.54ཟིན་པ་དེས་སྤྱིའི་མི་འབོར་གྱི་18.1%བཟུང་ཡོད། དེའི་ནང་ལོ་65ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་1.76ཟིན་ཡོད།

མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་ཆེད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་།

རང་རྒྱལ་གྱིས་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་པའི་ཐད་རིམ་རྩིས་བྱས་ན། ཀྲུང་དབྱང་སྔོན་རྩིས་ནས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་134ལྷག་ཙམ་ཟིན་ཡོད།

ཕྱོགས་གཅིག་ནས་ཞན་ཆ་བསལ་ནས་སྲིད་གཞུང་གི་གཞི་རྩའི་འགན་འཁྲི་འགན་ལེན་དོན་འཁྱོལ་བྱས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་རྟེན་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་རེད།

ཅིག་ཤོས་ནས་ཀུན་ལ་ཕན་པ་འཐོབ་པར་སྐུལ་འདེད་བཏང་ནས་ཀུན་ཕན་རྒན་གསོའི་གྲོང་ཁྱེར་དང་ཁེ་ལས་མཉམ་འགུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ་གྲོང་ཁྱེར་ཆེ་གྲས་ཀྱི་རྒན་གསོའི་ཐད“ཉལ་ཁྲི་དཀོན་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

རྒན་གསོའི་ཞབས་ཞུའི་ཉལ་ཁྲི་761ལྷག་ཙམ་ཡོད་པ་རེད།