《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

པར་རིས་གསར་འགྱུར།

2018ལོའི་ཟླ་བརྒྱད་པར་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངལ་རྩོལ་པའི་ཚ་ཕོག་རྒྱག་ས”འཛུགས་སྐྲུན་ལས་དོན་འགོ་བཙུགས་ནས་དྲ་ཚིགས་ཞབས་ཞུའི་ཐོན་ཁུངས་སྒོ་མོ་དབྱེ་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དམངས་ཕན་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱས་པ་རེད། ལོ་གཉིས་རིང་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་དྲ་ཚིགས་32ལ“ངལ་རྩོལ་པའི་ཚ་ཕོག་རྒྱག་ས”བསྐྲུན་ནས་ཁོར་ཡུག་གཙང་སྦྲ་བྱེད་མཁན་དང་། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ། འགྲིམ་འགྲུལ་ཉེན་རྟོག་པ་སོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞིང་། ལས་ཀ་བྱེད་རིང་ཁོང་ཚོར་ངལ་གསོ་རྒྱག་ས་དང་། ཆུ་འཁོལ་འཐུང་ས། ཁ་ལག་ཚ་པོ་བཟོ་ས་བཅས་མཁོ་འདོན་བྱས་ཏེ་མི་ཐེངས་ཁྲི་5ལ་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་པ་རེད།

འདི་ནི་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྷ་ས་པེ་ཅིང་དཀྱིལ་ལམ་ཉིང་ལག་དངུལ་ཁང་གི“ངལ་རྩོལ་པའི་ཚ་ཕོག་རྒྱག་ས”ཡིས་ཁོར་ཡུག་གཙང་སྦྲ་བྱེད་མཁན་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།