《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུས།

ཏང་ཡོན་གྱི་ཁྱིམ་དུ་ཏང་དར་བཀལ་ནས་ཐོབ་ཐང་མངོན་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་ཡོན་གྱི་ཏང་གཤིས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་རྒྱ་ཆེའི་ཏང་ཡོན་གྱི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུར་སྐུལ་མ་བཏང་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་ཆེད། ཉེ་ཆར། བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུས“ཏང་ཡོན་གྱི་ཁྱིམ་དུ་ཏང་དར་བཀལ་ནས་ཐོབ་ཐང་མངོན་པའི‘སྐུལ་ཁྲིད་དྲུག’གིས་ཞི་མཐུན་གཏོད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོས་ཏང་ཡོན་གྱི་ཁྱིམ་ཚང་ཚན་པར་བྱས་ནས་དམར་མདངས་བཀྲ་བའི་ཏང་དར་ཏང་ཡོན་ཁྱིམ་གྱི་སྒོ་འགྲམ་གྱི་མངོན་གསལ་དོད་ཤོས་སུ་བཀལ་ནས་ཏང་ཡོན་མི་སྒེར་གྱི་གཟི་བརྗིད་དེ་ཁྱིམ་ཚང་གི་གཟི་བརྗིད་དུ་འགྱུར་བ་བྱས་ཡོད། ཏང་དར་འགེལ་བའི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་ཁུལ་རྙིང་པའི་ཏང་ཡོན་གྱིས་རང་འགུལ་ངང“སྐུལ་ཁྲིད་དྲུག”བྱས་པ་སྟེ། ཏང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་རྒྱུ་སྐུལ་ཁྲིད་དང་། རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དྲིལ་བསྒྲགས་བྱ་རྒྱུ་སྐུལ་ཁྲིད། ཡ་རབས་ངང་བསང་གཏོང་རྒྱུ་སྐུལ་ཁྲིད། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱ་རྒྱུ་སྐུལ་ཁྲིད། ཕྱུག་འགྱུར་འཇོན་ཐང་ཅན་ལ་བརྩོན་ལེན་བྱ་རྒྱུ་སྐུལ་ཁྲིད། མི་རིགས་མཐུན་སྒྲིལ་བྱ་རྒྱུ་སྐུལ་ཁྲིད་བཅས་དྲུག་ཡིན་པ་རེད།

ད་ཐེངས་ཀྱི་ཏང་ཡོན་ཁྱིམ་དུ“ཏང་དར་བཀལ་ནས་ཐོབ་ཐང་མངོན་པའི”བྱེད་སྒོ་སྤེལ་བ་བརྒྱུད། ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གསོན་ཤུགས་སྔར་བས་འཕེལ་བ་བྱས་ཡོད་ལ། མང་ཚོགས་ཀྱི་ཁྲོད་ནས་ཏང་ཡོན་འབུར་དུ་ཐོན་པ་དང་། གུང་ཁྲན་ཏང་ཡོན་ཞིག་གི་གཟི་བརྗིད་བསམ་པ་དང་སྤོབས་པ་ཚོར་ཐུབ་པ། “ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱས་ནས་ཡུག་གཅིག་ལ་ཤུགས་རྐྱེན་ཐེབས་པའི”ཕན་འབྲས་ཐོན་པ་བཅས་བྱས་ཡོད།