《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

པར་རིས་གསར་འགྱུར།

ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“ཁེ་ལས་ལ་ཤེས་ལྡན་པ་འཚོལ་བ་དང་ཤེས་ལྡན་པར་ཁེ་ལས་གྲགས་ཅན་འཚོལ་བའི”རྩ་དོན་གཞིར་བཟུང་། 2018ལོའི་ཟླ་7ཚེས་6ཉིན་ནས་བཟུང་། “རེས་གཟའ་པ་སངས་ཀྱི་རྩེར་སོན་ལས་མི་བསྡུ་བའི་འདུ་ཚོགས”སྤེལ་འགོ་བཙུགས་ཏེ། གདན་ཞུའི་བྱེད་སྒོ་ཐེངས་69སྤེལ་བར་རིམ་རྩིས་བྱས་ན། མི་སྤྱོད་ཚན་པ་1936གིས་ལས་ཞུགས་ལས་གནས་29000མཁོ་འདོན་བྱས་པ་དང་། མི་ཐེངས་7500ལྷག་ཙམ་དང་ལས་ཞུགས་ཀྱི་འདོད་མཐུན་གྲུབ་ནས་ལས་ཀ་འཚོལ་མཁན་1600ལྷག་ཙམ་གྱིས་རྩེར་སོན་ལས་མི་བསྡུ་བའི་འདུ་ཚོགས་ཀྱི་ལས་སྟེགས་བརྒྱུད་ལས་ཞུགས་མངོན་འགྱུར་ཐུབ་ཡོད། འདི་ནི་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི“རེས་གཟའ་པ་སངས་ཀྱི་རྩེར་སོན་ལས་མི་བསྡུ་བའི་འདུ་ཚོགས”ཐོག་ཁེ་ལས་ཀྱི་འཐུས་མིས་ལས་ཀ་འཚོལ་མཁན་ལ་ཁེ་ལས་ཀྱི་ལས་མི་བེད་སྤྱོད་ཀྱི་ཞིབ་ཕྲའི་ལྷུ་ཚིགས་གསལ་འགྲེལ་རྒྱག་བཞིན་པ།