《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་གིས《སློབ་འགོ་ཚུགས་པའི་སློབ་ ཚན་དང་པོ》ཞེས་པའི་གློག་བརྙན་བལྟས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་ཀུན་སྤྱོད་སློབ་གསོ་ཁྲུའུ་ཡིས་སློབ་གྲྭ་ཡོངས་ཀྱི་སློབ་མ་སྒྲིག་འཛུགས་བྱས་ནས། སློབ་གྲྭའི་ཚོགས་ཁང་ནང《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》ཞེས་པའི་གློག་བརྙན་བལྟས་པ་རེད།

《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》ཞེས་པའི་གློག་བརྙན་ནང་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་རིམས་ནད་འགོག་པའི་དམག་འཁྲུག་ཁྲོད་ཕན་ཚུན་རོགས་རམ་དང་། དཀའ་ངལ་ལ་མ་འཛེམ་པ། བློ་ཁོག་ཆེན་པོས་འགྲན་སློང་བྱེད་པ། ཕྱར་བ་གྲུ་འདེགས་བཅས་ཀྱི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་ནས། སློབ་མ་རྣམས་ཀྱིས་སྨན་དོན་མི་སྣའི་སྒེར་སེམས་མེད་པའི་བསམ་བློ་དང་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་སྔར་བས་གཏིང་ཟབ་ངང་ཚོར་བ་བྱས་ཏེ། སློབ་མ་ཚོས་མཐུན་སྒྲིལ་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཐོག་ནས། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་དད་སེམས་དང་བློ་སྟོབས་སྔར་བས་བརྟན་དུ་བཏང་ཡོད།

མཉམ་དུ་ལྟད་མོ་བལྟས་པ་ཕུད། སློབ་གྲྭས་ད་དུང་སློབ་མ་ཚོ་སྒྲིག་འཛུགས་བྱས་ནས་བཞུགས་མོལ་དང་འཛིན་ཚོགས་སོགས་ཀྱི་བྱེད་སྟངས་བརྒྱུད《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》ཞེས་པའི་གློག་བརྙན་གྱི་ནང་དོན་ལ་སྔར་བས་སློབ་སྦྱོང་དང་། མྱོང་ཚོར་གསེད་བཀྲོལ་བྱས་པ་དང་སྦྲགས། སློབ་གྲྭའི་ཁྱབ་ཁོངས་སུ་དཔྱད་བསྡུར་བྱས་ནས་ད་ཐེངས་ཀྱི་སློབ་སྦྱོང་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།