《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཀྲུའུ་ཧའེ་གྲོང་ཁྱེར་སློབ་འབྲིང་བཞི་པས།

“མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ”ཞེས་པའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་གསོ་སྐྱོང་བྱ་ཆེད། ཀྲུའུ་ཧའེ་གྲོང་ཁྱེར་སློབ་འབྲིང་བཞི་པས“མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་དང“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྗེས་དྲན་བྱེད་པའི”བྱེད་སྒོ་སྤེལ་ཏེ། སློབ་མ་ཚོས་དུས་དང་རྣམ་པ་ཀུན་ཏུ་སྔོན་གཤེགས་དཔའ་བོ་ཚོས་རྒྱལ་ཁབ་དང་མི་རིགས་བཅིངས་འགྲོལ་གཏོང་ཕྱིར་རང་སྲོག་བློས་གཏོང་རྒྱུར་མ་འཛེམས་པའི་དཔའ་ངར་ཆེ་བའི་བྱས་རྗེས་བློ་ལ་བརྟན་པོར་ངེས་པ་དང་། དཔའ་བོ་ཚོའི་དཔའ་ངར་ཞུམ་མེད་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་སློབ་སྦྱོང་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་སློབ་སྦྱོང་བྱ་རྒྱུའི་སློབ་གསོ་བརྒྱབ་སྟེ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཁྱིམ་ཚང་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

བྱེད་སྒོ་སྤེལ་རིང་། སློབ་མ་ཚོས་རྔམ་བརྗིད་ལྡན་ལ་དད་གུས་ཀྱི་བསམ་པ་བཅངས་ནས་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་བསྐྱོད་དེ་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་འབད་འཐབ་དང་རང་སྲོག་བློས་གཏོང་བྱེད་མཁན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད། གསར་བརྗེའི་སྔོན་གཤེགས་དཔའ་བོར་ལྷག་བསམ་རྣམ་དག་གིས་གུས་འདུད་ཞུ་བའི་བསམ་པ་འཆང་བཞིན་སློབ་མ་ཚོས་ལག་ཏུ་མེ་ཏོག་དཀར་པོ་ཁྱེར་ཏེ་སྔོན་གཤེགས་དཔའ་བོའི་རྡོ་རིང་ལ་ཕྱོགས་ནས་ཀྲོང་ངེར་ལངས་པ་རེད། སློབ་མའི་འཐུས་མི་པ་སངས་གཡུ་སྒྲོན་གྱིས་གཏམ་བཤད་བྱེད་སྐབས་སློབ་མ་རྣམས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ལོ་རྒྱུས་ལ་ཕྱིར་དྲན་དང་། སྔོན་གཤེགས་དཔའ་བོ་རྣམས་ཀྱི་དཔའ་ངར་ལྡན་པའི་མཛད་རྗེས་ཡིད་ལ་བརྟན་པོར་འཆང་བ། ད་ལྟའི་བདེ་སྐྱིད་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཚོར་བ་བཅས་བྱས་པ་རེད། སློབ་གྲྭ་དེའི་སློབ་སྤྱི་གཞོན་པ་ཀྲང་ཅན་ཅུན་གྱིས་སློབ་མ་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་སློབ་སྦྱོང་ཧུར་ཐག་བྱས་ཏེ་མེས་རྒྱལ་གྱི་འཛུགས་སྐྲུན་ལ་རང་ནུས་གང་ཡོད་འདོན་དགོས་པའི་འབོད་སྐུལ་བྱས་པ་རེད།