《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ལོ་ཆུང་སློབ་མར་ཞུན་བརྡར་སྤྲས།

ཧོ་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་ལྗོངས་འཛིན་གྲྭས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་དོ་དམ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སློབ་གཉེར་ཆོས་ཉིད་ལ་རྒྱུན་ཆད་མེད་པར་ཞིབ་འཇུག་བྱེད་པ། སློབ་གཉེར་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་ཏེ། སློབ་གསོའི་གོམས་གཤིས་བཟང་པོ་འཇགས་པ་དང་གཟེངས་སུ་ཐོན་པའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལ་བརྟེན་ནས་གངས་ལྗོངས་ས་མཐོའི“སྐལ་བཟང་མེ་ཏོག”ཧོ་ཧྥེར་རབ་ཏུ་བཞད་པར་བྱས་ཡོད།

ཧོ་ཧྥེ་སློབ་འབྲིང་སོ་ལྔ་པའི་སློབ་སྤྱི་གཞོན་པ་ཁྲུའུ་ཅུན་གྱིས་བོད་ལྗོངས་འཛིན་གྲྭའི་སློབ་མ་དང་སྙིང་གཏམ་ཤོད་རེས་བྱེད་བཞིན་པ།

ཧོ་ཧྥེ་སློབ་འབྲིང་སོ་ལྔ་པའི་རྒྱ་རིགས་དང་བོད་རིགས་སློབ་མས་གསུང་རབ་གྱེར་འདོན་བྱེད་བཞིན་པ།