《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

སློབ་གསོ་སློབ་ཁྲིད་དེ་ཉིད་མི་རིགས་མཐུན་སྒྲིལ་ལ་ སྐུལ་འདེད་གཏོང་བའི་ཕྱོཌ་སུ་བསྐྱོད་པ།

—— ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་སློབ་སྤྱི་དབྱང་ཞའོ་ཧྥན་གྱི་སྐོར་བཀོད་པ།

2018ལོའི་ཟླ་12པར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་གནང་སྐབས་སློབ་གྲྭའི་སློབ་གཉེར་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས“སྔ་ས་ནས་ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་གཉེར་ཚུལ་ཡག་པོ་ཡོད་པ་གོ་ཐོས་བྱུང་། ད་ཐེངས་དངོས་སུ་མཐོང་སྐབས་དངོས་འབྲེལ་ཡག་པོ་འདུག”ཅེས་གསུངས།

ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་ལ་བསྔགས་བརྗོད་ཆེན་པོ་དེ་འདྲ་ཐོབ་དོན་ནི་སློབ་གྲྭ་དེའི“སྣེ་ཁྲིད་པ”དབྱང་ཞའོ་ཧྥན་གྱི་བརྟན་སྲུང་དང་སྙིང་རུས་དང་ཁ་བྲལ་ཐབས་མེད།

སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཞའོ་ཧྥན་གྱིས་སློབ་གྲྭའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་གཙོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ལས་གནས་ཀྱི་སྲིད་གཙང་སློབ་གསོ་དང་ཏང་ཡོན་གྱི་དཔེ་སྟོན་ལས་གནས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་པ་བརྒྱུད། སློབ་གྲྭའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། སློབ་གྲྭ་ཡོངས་ཀྱི་ཏང་ཀྲི་པུའུ་4ཚང་མས“ཡག་པོ་ལྔའི”ཏང་ཀྲི་པུའུ་བདེ་བླག་ངང་བཙུགས་པས་སློབ་གྲྭའི་སྤྱི་ཁྱབ་ཏང་ཀྲི་པུའུ་དེ“ནན་ཐུང་གྲོང་ཁྱེར་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ལ་བདམས་པ་རེད།

དབྱང་ཞའོ་ཧྥན་གྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། “དགེ་རྒན་གྱི་ཀུན་སྤྱོད་སྔོན་གཏོད་ལེགས་བརྩོན་དང་བོད་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བའི”དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང“ས་མཐོའི་བུ་ཕྲུག་ལ་བརྩེ་སེམས་འཆང་བའི”དགེ་སློབ་ཆ་སྒྲིག་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བས། རྒྱ་ཆེའི་དགེ་རྒན་དང་ལས་བཟོ་ཚོས་མི་རིགས་སློབ་གསོའི་ལས་དོན་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དབྱང་ཞའོ་ཧྥན་གྱིས་བསམ་ཕྱོགས་གསར་གཏོད་བྱས་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་བཏོད་པའི་ཀུན་སྤྱོད་སློབ་གསོའི་སློབ་གཞི《ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན——ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)“ཁྱིམ་ཚང་རིག་གནས”ཀྱི་ཀུན་སྤྱོད་སློབ་གསོའི་སློབ་ཚན་གསར་གཏོད་འཛུགས་སྐྱོང》ཞེས་པར་ཅང་སུའུ་ཞིང་ཆེན་གྱི་2016ལོའི་རྨང་གཞིའི་སློབ་གསོའི་རྒྱང་ལྟ་རང་བཞིན་གྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་ཐོབ་ཡོད། སྔ་བལྟས་ཕྱི་བསམ་གྱི་འདུ་ཤེས་དང་ལག་ལེན་གསར་གཏོད་བྱས་པ་བརྒྱུད། ནང་སའི་བོད་ལྗོངས་འཛིན་གྲྭར(སློབ་གྲྭ)ཀུན་སྤྱོད་སློབ་གསོའི་སློབ་ཚན་གྱི་མ་ལག་གསར་པ་བཙུགས་པ་དང་། ཁྱད་ལྡན་སློབ་གཉེར་གྱི་ཐབས་ལམ་གསར་པ་བཏོད་པ། ངོས་འཛིན་སློབ་གསོའི་འདུ་ཤེས་གསར་པ་བཏོད་ཡོད།

སློབ་ཁྲིད་དོ་དམ་ཐད་དབྱང་ཞའོ་ཧྥན་གྱིས་དང་ཐོག་སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སློབ་ཁྲིད་བྱེད་སྟངས་གསར་པ་བཏོན་ནས། 《ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་གིས་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》བཟོས་པ་རེད། སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་། སློབ་ཁྲིད་ཀྱི་ཐབས་ཇུས་ལེགས་སྒྲིག སློབ་གྲྭས་སློབ་ཚན་གསར་སྤེལ། སློབ་སྐར་དོ་དམ་ལག་བསྟར། དཔྱད་ཁྲིད་མ་ལག་འཛུགས་པ་བཅས་ཕྱོགས་ལྔ་ནས་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་དང་གཏན་འབེབས་ཁ་གསལ་བྱས་པས། སློབ་ཁྲིད་ཀྱི་ཕན་འབྲས་ཆེ་བ་དང་སློབ་མས་རང་འགུལ་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་རིམ་བཞིན་ཆགས་ཡོད།

“ལས་དོན་མཐའ་དག་གིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་སློབ་ཁྲིད་ཀྱི་སྤུས་ཚད་ལ་སྣང་ཆེན་བྱེད་དགོས་པ་མ་ཟད། མི་རིགས་མཐུན་སྒྲིལ་ཞེས་པའི་ཡུན་གཏན་གྱི་བརྗོད་དོན་གཙོ་བོ་དེ་ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་དུ་རྒྱུན་མཐུད་དང་རྒྱུན་འཛིན་ཐུབ་པ་བྱེད་དགོས་པ་ངས་གསལ་པོར་རྟོགས་ཀྱི་འདུག”ཅེས་དབྱང་ཞའོ་ཧྥན་གྱིས་བཤད།

ཉེ་བའི་ལོ་ཤས་རིང་། ཁོང་གིས་གདན་ཞུས་ལྟར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་ཁོངས་གཏོགས་སུ་སློབ་གསོའི་སློབ་ཁྲིད་འཆད་ཁྲིད་ཐེངས་10ཙམ་བྱས་པ་མ་ཟད། སློབ་གསོའི་བོད་སྐྱོར་གྱི་རྣམ་པ་གསར་པ་སྟེ་མཉམ་ལས་སློབ་གཉེར་བྱེད་སྟངས་ཞིབ་འཇུག་དང་འཚོལ་ཞིབ་བྱ་རྒྱུར་གཞོལ་ཡོད། དེར་བརྟེན་ཁོང་གིས་གངས་ལྗོངས་ས་མཐོར་ཐེངས་མང་ཡོང་བ་དང་འབྲེལ་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ། ཆབ་མདོ། མངའ་རིས་སོགས་གྲོང་ཁྱེར་དང་ས་གནས་སུ་བརྟག་ཞིབ་རྒྱ་ཁྱབ་ངང་བྱས་ནས་བོད་ལྗོངས་ནང་ཁུལ་གྱི་སློབ་གྲྭ་9དང་མཉམ་ལས་སློབ་གཉེར་བྱེད་པའི་ལས་དོན་རབ་དང་རིམ་པ་འཆར་འགོད་དང་མཐུན་སྦྱོར་བྱས་པར་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོབ་ཡོད།