《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་13ཉིན། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་སྒྲོག་འགྲེལ་གནང་བར་ཕེབས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། དེ་བཞིན་སྙན་སེང་གསན་པ་དང་། ཉམས་མྱོང་ཕྱོགས་སྡོམ། ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་འདི་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྐུལ་ལྕག་ཡོད་ལ་གཅུན་འདོམས་ཡང་ཡོད་པ་དང་། མིག་སྔར་དོ་དམ་ཐུབ་ལ་ཕུགས་ལའང་ཕན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པས་སྐུལ་འདེད་མགྱོགས་པ་དང་། ཤུགས་ཚད་ཆེ་བ། གསར་གཏོད་མང་བ། འགན་འཁྲི་ཏན་ཏིག ཕན་འབྲས་བཟང་བ་བཅས་ཀྱི་ཁྱད་ཆོས་མངོན་ནས་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་སྨིན་བླང་བྱ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁ་གསལ་བཏོན་པའི་ལས་ཞུགས་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་སྦྲེལ་མཐུད་ལམ་སྲོལ་ལ་བཀག་རྒྱ་མེད་པ། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ། ལས་ཞུགས་བརྟན་དུ་གཏོང་བའི་ལས་དོན་ལ་རིམ་པ་བཞིན་འགན་འཁུར་བའི་ལམ་སྲོལ་དང་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་དོན་འཁྱོལ་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ལྗོངས་ཕྱི་ནང་གི་ལས་ཞུགས་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་། གཞུང་ཞབས་པའི་ལས་གནས་ཐོག་རྒྱུགས་བསྡུ་གདན་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་རྒྱ་སྐྱེད་གཏོང་བ། གསར་གཏོད་ལས་གཏོད་ལ་སྐུལ་མ་གཏོང་བ། གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། ས་ཁུལ་དང་གྲོང་ཁྱེར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་ལས་ཞུགས་བོད་སྐྱོར་གྱི་སྦྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་པ། ཐབས་ལམ་མང་པོ་དང་བབ་བསྟུན་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོ་གང་ལེགས་སྐོང་བ། མཐོ་སློབ་སློབ་ཐོན་སློབ་མས་སྲོལ་རྒྱུན་གྱི་ལས་ཞུགས་ལྟ་བ་སྒྱུར་བར་རྒྱུན་མཐུད་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་རྣམ་པ་བརྟན་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)