《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་གཟིགས་བྱ་རྒྱུའི་སྐུལ་སློང་ཚོགས་འདུ་འཚོགས་པ།

ཉེ་ཆར་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་གཟིགས་བྱ་རྒྱུའི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་14ཉིན་གནས་ཚུལ་འབྱོར་གསལ། སྐོར་གཟིགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་གཟིགས་བྱ་རྒྱུའི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་མ་འཚོགས་གོང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་མེའོ་ཆིང་དབང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་མཉམ་དུ་ཐུག་འཕྲད་སྤེལ་རེས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་ཀྱང་བརྡ་ཁྱབ་བཏང་གནང་བ་རེད། ཚོགས་འདུའི་ཐོག་མེའོ་ཆིང་དབང་གིས་སྐུལ་སློང་གསུང་བཤད་གནང་ནས་སྐོར་གཟིགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་དང་དེ་བཞིན་འབྲེལ་ཡོད་བློ་མཐུན་དང་ཀྲུང་དབྱང་སྐོར་གཟིགས་གཞུང་དོན་ཁང་དང་སྐོར་གཟིགས་མཛུབ་ཁྲིད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་འབྲེལ་ཡོད་བློ་མཐུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་དང་ལས་ཐོག་ཏུ་བཞུགས་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་བློ་མཐུན་གཞན་དང་། ལྗོངས་ཏང་ཨུད་དང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཆེ་གཞོན་པ། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་དོན་ཁང་གི་ཀྲུའུ་རེན་དང་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད། ནང་སར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁྲུའུ་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་ཞིང་འབྲོག་སློབ་གླིང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ས་གནས་གྲོང་ཨུད་ཁག་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན། སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།

མེའོ་ཆིང་དབང་གིས། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡང་རེད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་སྐོར་གཟིགས་ལས་དོན་སྤེལ་བ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ས་ཁུལ་ཁག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། དེ་ནི་འགན་ནུས་དང་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། “སྲུང་སྐྱོང་གཉིས”ཐུབ་པར་ལྟ་སྐུལ་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “ནན་པོའི”རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང“སྤྱི་ཡོངས་གཉིས”ཀྱི་མཐོ་ཚད་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྐོར་གཟིགས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་པ་བཅས་ཀྱིས་ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་གཟིགས་ལས་འགན་མཐའ་གཅིག་ཏུ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

མེའོ་ཆིང་དབང་གིས་སྐོར་གཟིགས་ནི་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་གལ་ཆེན་ཞིག་དང་རིམ་པ་གོང་མའི་ཏང་རྩ་འཛུགས་ཀྱིས་རིམ་པ་འོག་མའི་ཏང་རྩ་འཛུགས་ལ་ཏང་གི་འགོ་ཁྲིད་འགན་ནུས་འགན་འཁྲི་ལག་བསྟར་བྱེད་པར་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་པ་ཞིག་རེད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ལྟ་སྐུལ་བྱེད་པ་རྩ་བའི་ལས་འགན་ལ་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་ནུས་འགན་འཁྲི་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་མཚམས་རང་བཞིན་གྱི་འགལ་ཟླ་གཙོ་བོ། འགོ་ཁྲིད་ཚན་ཁག་དང་འགག་རྩ་ཉུང་ཤས། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་བཅས་ལ་དམ་པོར་དམིགས་ནས། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་སོགས་ཀྱི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གྱི་གནས་ཚུལ་དང་དེ་བཞིན་ལམ་ལུགས་ལག་བསྟར་དང་། སྒྱུར་བཅོས་ཟབ་ཏུ་གཏོང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་བཅས་ཀྱི་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་བྱས་ནས། ཆབ་སྲིད་ཁོར་ཡུག་འཛུགས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་འདི་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་དང་དབང་ཆ་བཀོལ་སྤྱོད་ཀྱི་ལྟ་སྐུལ་དང་ཚོད་འཛིན་གྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པའི་གནས་ཚུལ་ཤེས་རྟོགས། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། མི་འདེམས་མི་སྤྱོད། ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན། ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལྟ་བཤེར་གནད་དོན་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་བཅས་བྱས་ནས་ལྟ་སྐུལ་གྱི་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་སྐོར་གཟིགས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྐོར་གཟིགས་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་འབྲེལ། རྒྱབ་སྐྱོར་དང་གཞོགས་འདེགས་མཐའ་གཅིག་ཏུ་བྱས་ནས་མཉམ་དུ་སྐོར་གཟིགས་ལས་འགན་ལེགས་གྲུབ་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “སྲ་བརྟན་གསུམ”མཐའ་འཁྱོངས། ཏང་གིས་ཏང་ལ་དོ་དམ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་པ་དང་འབྲེལ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་པ་མཚོན་པར་བྱེད་དགོས་ཞེས་གསུངས་པ་རེད།

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་སུ་ལས་དོན་ཟླ་གཉིས་དང་ཟླ་ཕྱེད་ཙམ་སྤེལ་རྒྱུ་ཡིན་ཞིང་། སྐོར་གཟིགས་རིང་གི་ཆེད་མངགས་སྡོད་བྱའི་ཁ་པར་ནི། 0891—6652330ཡིན་པ་དང་། ཆེད་དོན་སྦྲག་སྲིད་ཡིག་སྒམ་ནི། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡིག་སྒམ་A002པ་ཡིན། སྐོར་གཟིགས་ཚོགས་ཆུང་གིས་ཉིན་ལྟར་ཁ་པར་ལེན་པའི་དུས་ཚོད་ནི་ཆུ་ཚོད་9:00-19:00བར་ཡིན། སྐོར་གཟིགས་ཚོགས་ཆུང་གིས་ཡིག་བསྐུར་ངོ་བཅར་བྱེད་པའི་དུས་བཅད་ནི་2020ལོའི་ཟླ་12ཚེས་15ཉིན་བར་ཡིན། སྐོར་གཟིགས་ལས་དོན་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་རིམ་པ་གཅིག་གིས་དམའ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་། ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པའི་གནད་དོན་གོང་ཞུ་བྱས་པའི་འཕྲིན་ཡིག་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་དང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་དོན་གྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་གནས་ཚུལ་ཐེར་འདོན་དང་གོང་ཞུ་བྱ་རྒྱུ་དེ་ཡིན། སྐོར་གཟིགས་ཀྱི་བདག་སྤྲོད་ཁྱབ་ཁོངས་སུ་མ་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་གཏན་འབེབས་གཞིར་བཟུང་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་པོ་བྱ་རྒྱུ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)