《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月15日

ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད།

ཉེ་ཆར། བོད་ཀྱི་སློབ་མ་30ཧོ་ཧྥེའི་བློ་འབྱེད་ཚན་རྩལ་གྲོང་དུ་བསྐྱོད་ནས་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ནས་ཡིན་པའི་སློབ་མ་30ཡིས་ཨན་ཧུའེ་ཏུ་བསྐྱོད་དེ་དུས་ཡུན་གཟའ་འཁོར་གཅིག་རིང་ཨན་ཧུའེ་རྟེན་རྫས་བཤམས་མཛོད་ཁང་དང་། པའོ་ཀྲེང་སྤྱི་གླིང་། ཅིང་རྫོང་གི་ཁམ་བུའི་མེ་ཏོག་ལྡུམ་ར། ཧོ་ཧྥེའི་བློ་འབྱེད་ཚན་རྩལ་གྲོང་སོགས་སུ་ལྟ་སྐོར་དང་ཉམས་ལེན་བྱས་པ་རེད།

འདི་ནི་ཧོ་ཧྥེ་གྲོང་ཁྱེར་གྱི་བློ་འབྱེད་ཚན་རྩལ་གྲོང་དུ་ལྷོ་ཁ་གྲོང་ཁྱེར་ནས་ཡིན་པའི་སློབ་མ་ཚོས་མི་མེད་གནམ་གྲུའི་འབྲེལ་ཡོད་ཤེས་བྱར་རྒྱུས་མངའ་ལོན་བཞིན་པ།