《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月15日

“ཨ་མའི་བདེ་ཐང་སྲུང་འཁོར”10ལྷ་ས་ནས་ཐོན་ཏེ་ཉི་མ་དང་། གྲོ་མོ། འབྲོང་པ་སོགས་སུ་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་འགོ་བརྩམས་པ་དང་ཀྲུང་གོ་མི་དམངས་འགན་བཅོལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ཞལ་འདེབས་བརྒྱབ་པའི“ཨ་མའི་བདེ་ཐང་སྲུང་འཁོར”སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། “ཨ་མའི་བདེ་ཐང་སྲུང་འཁོར”10ལྷ་ས་ནས་ཐོན་ཏེ་ཉི་མ་དང་། གྲོ་མོ། འབྲོང་པ་སོགས་ཀྱི་སྨན་ཁང་10ལ་བསྐྱོད་ནས་ས་གནས་དེ་གའི་བུད་མེད་ཀྱི་བདེ་ཐང་འགན་ལེན་བྱེད་མཁན་རེད།

ཉེ་བའི་ལོ་ཤས་རིང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་ཚོའི་དགོས་མཁོར་ཐོག་མཐའ་བར་གསུམ་དུ་དོ་སྣང་བྱས་ཏེ་བདེ་ཐང་དབུལ་སྐྱོར་དང་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ལ་སེམས་ཁུར་སོགས་ཀྱི་ཐད་བོད་ལ་གཟིགས་སྐྱོང་མཐའ་འཁྱོངས་བྱས་ཡོད། མིག་སྔའི་བར་བོད་ལ“ཨ་མའི་བདེ་ཐང་སྲུང་འཁོར”ཁྱོན་བསྡོམས་77ཞལ་འདེབས་བརྒྱབ་པ་དང་རིན་ཐང་བསྡོམས་འབོར་སྒོར་ཁྲི་1266ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རླངས་འཁོར་དེ་དག་ནི་བོད་ཀྱི་ས་མཐོའི་ཁྱད་ཆོས་ལ་དམིགས་ནས་ཆེད་མངགས་བཟོས་པའི་ལྟ་སྐྱོང་རྣམ་པའི་མྱུར་སྐྱོབ་རླངས་འཁོར་ཡིན་པ་དང་རླངས་འཁོར་ཐོག་མངལ་སྦྲུམ་ལྟ་སྐོར་ཡོ་བྱད་དང་Bསྒྲ་རླབས་སོགས་འཁོར་ཐོག་སྨན་བཅོས་ཀྱི་འཁུར་བདེའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་རེད།