《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月15日

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་། སློབ་གསོའི་གདེང་འཇོག་སྒྱུར་བཅོས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ཚན་རིག་དང་མཐུན་པའི་སློབ་གསོའི་འཕེལ་རྒྱས་ལྟ་བ་དང་། ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་ལྟ་བ། མི་འདེམས་མི་སྤྱོད་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་མཁན་གྱི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས།

བརྡ་ཐོའི་ནང་བསྟན་དོན། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འོས་འགན་བློ་ལ་བརྟན་པོ་བཅངས་བ་དང་། སློབ་གསོར་གདེང་འཇོག་བྱེད་པའི་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཚན་རིག་དང་མཐུན་པའི་ངང་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་ཚད་འཛུགས་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། སློབ་གསོའི་ཡང་དག་པའི་འཕེལ་རྒྱས་ཁ་ཕྱོགས་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། མང་ཚོགས་ཀྱི་དོ་ཁུར། སྤྱི་ཚོགས་ཀྱི་དོ་ཁུར་བཅས་ཀྱི་གནད་དོན་ནས་འགོ་འཛུགས་པ་དང་གཏོར་འཛུགས་མཉམ་བཟུང་བྱས་ནས་སློབ་གསོར་གདེང་འཇོག་བྱེད་པའི་འགག་རྩའི་ཁྱབ་ཁོངས་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་ཕན་ནུས་མཐའ་འཁྱོངས་བྱས་ནས་གྲུབ་འབྲས་གདེང་འཇོག་ལེགས་བཅོས་དང་། བརྒྱུད་རིམ་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ། རིན་ཐང་འཕར་མའི་གདེང་འཇོག་འཚོལ་ཞིབ། ཕྱོགས་བསྡུས་གདེང་འཇོག་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ལག་རྩལ་གང་ལེགས་སྤྱོད་པ་བཅས་བྱས་ཏེ་སློབ་གསོའི་གདེང་འཇོག་གི་ཚན་རིག་རང་བཞིན་དང་། ཆེད་ལས་རང་བཞིན། དངོས་ཡོད་རང་བཞིན་བཅས་ཆེ་རུ་གཏོང་དགོས། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱེད་པོ་མི་འདྲ་བ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སློབ་དུས་མི་འདྲ་བ། རིགས་མི་འདྲ་བའི་སློབ་གསོའི་ཁྱད་ཆོས་བཅས་ལ་དམིགས་ཏེ་རིགས་དབྱེ་ཇུས་འགོད་དང་བརྟན་པོའི་ངང་སྐུལ་འདེད་བཏང་ནས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་མཐའ་འཁྱོངས་བྱས་ནས་ཀྲུང་གོར་གཞི་ཚུགས་པ་དང་། ཀྲུང་ཕྱི་མཉམ་འདྲེས། དུས་རབས་ལ་གཞི་ཚུགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས།

བརྡ་ཐོའི་ནང་ལོ་5ནས་10བར་འབད་བརྩོན་བྱས་པ་བརྒྱུད་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་འགན་འཁྲི་སྒྲུབ་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་ངང་མི་གསོ་སྐྱོང་བྱེད་པའི་གདེང་འཇོག་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བར་ཁྲིད་སྟོན་བྱེད་པ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གདེང་འཇོག་བྱེད་ཐབས་དེ་བས་སྣ་མང་ལྡན་པར་བྱེད་པ། སྤྱི་ཚོགས་ཀྱི་མི་འདེམས་མི་སྤྱོད་དེ་བས་ཚན་རིག་དང་མཐུན་པ་བཅས་ཡོང་བ་བྱེད་དགོས་པ་མ་ཟད། 2035ལོར་སླེབས་སྐབས་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་མངོན་པ། འཛམ་གླིང་གི་ཆུ་ཚད་མཚོན་པ་བཅས་ཀྱི་སློབ་གསོའི་གདེང་འཇོག་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

(པ་སངས་ཀྱིས་བསྒྱུར། པ་ཕན་དང་པ་སངས་ཀྱིས་ཞུས)