《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月14日

བྷང་ག་ལའི་སྲོལ་རྒྱུན་ཟས་སྐྱེལ་ ཞབས་ཞུ“ཏ་པ་ཝ་ལཱ”

བྷང་ག་ལའི་རྒྱལ་ས་ཏ་ཁར་དུ“ཏ་པ་ཝ་ལཱ”ཞེས་གྲགས་པའི་ཟ་མ་སྐྱེལ་བའི་ཞབས་ཞུ་ཞིག་དར་བཟོ་ཆེན་པོ་ཡོད་ཅིང་། ཞབས་ཞུ་དེར་ལོ་རྒྱུས་ཡུན་རིང་ལྡན་ཡོད། “ཏ་པ་ཝ་ལཱ”ཞེས་པ་ཏ་ཟིག་གི་སྐད་ཡིན་པ་དང་དེ་ནི“ཟ་མ་སྐྱེལ་མཁན”ཞེས་པའི་དོན་ཡིན། ཏ་ཁར་དུ་ཁྱིམ་སྡོད་བུད་མེད་མང་པོ་ཞིག་གིས་བཟོས་པའི་ཟ་མ་ཉིན་ལྟར“ཟ་མ་སྐྱེལ་མཁན”དེ་དག་གིས་ཕྱིར་ཡོང་འབབ་གསོག་པར་འགྲོ་མཁན་གྱི་བཟའ་ཟླར་སྐྱེལ་གྱི་ཡོད། ཟས་མངགས་མཉེན་ཆས་ཉིན་བཞིན་དར་རྒྱས་འགྲོ་བའི་ད་ཆའང་ཟ་མ་སྐྱེལ་བའི་ཞབས་ཞུ་དེ་རིགས་ས་གནས་དེ་གར་སྔར་བཞིན་དར་བཟོ་ཆེན་པོ་ཡོད།

འདི་ནི་བྷང་ག་ལའི་རྒྱལ་ས་ཏ་ཁར་དུ“ཏ་པ་ཝ་ལཱ”ཡིས་འཁོར་གསུམ་རྐང་འཁོར་བསྡད་ནས་ཟས་སྐྱེལ་བཞིན་པ།