《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月14日

ལྷོ་ཁ་གྲོང་ཁྱེར་གྱིས“སྐྱོན་བཤེར་ཞན་གསབ”བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིར”དམ་འཛིན་ཏན་ཏིག་བྱེད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱོན་བཤེར་ཞན་གསབ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།

“སྐྱོན་བཤེར་ཞན་གསབ”ཀྱི་བླང་བྱར་གཞིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་ཧྲག་འདེམས་བྱས་པའི་མི་སྣ། རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་སུ་བཏང་ནས། གཅིག་སྡུད་སྤེལ་རེས་ཚོགས་འདུ་དང་གྲོང་མིའི་ཚོགས་ཆེན་འཚོགས་པ་སོགས་བརྒྱུད། མང་ཚོགས་སྒྲིག་འཛུགས་ཀྱིས་མྱོང་ཚོར་གླེང་བ་དང་། ཧེ་བག་འཚོལ་བ། དམ་བཅའ་འཇོག་པ་བཅས་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་ལ་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་ཐོན་པར་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་གཞི་རྟེན་དུ་བྱས་ཏེ། མང་ཚོགས་ལ་ཐད་ཀར་དྲི་བ་འདོན་པ་དང་ཚོགས་ཆུང་གྲོས་བསྡུར་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་གནས་པའི་ཞན་ཆ་དང་མི་འདང་ས་དབྱེ་ཞིབ་བྱས་པ་དང་འབྲེལ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་སྒྲིག་འཛུགས་དང་། མཐུན་སྦྱོར། སྣེ་ཁྲིད་བཅས་ཀྱི་འགན་འཁྲི་འཁུར་བར་མཛུབ་ཁྲིད་བྱས་ཏེ་གནད་དོན་ལ་དམིགས་པ་དང་དག་ཐེར་བྱ་ཐབས་ཁ་གསལ་བཟོས་ནས་དག་ཐེར་དོན་འཁྱོལ་ནན་ཏན་བྱས་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)