《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月12日

རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོཌ་པས་ཆབ་མདོ་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་ཆབ་མདོར་བཅའ་སྡོད་དཔུང་སྡེའི་དཔོན་དམག་དང་ཆོས་ལུཌ་ལས་རིགས་མི་སྣར་གཟིགས་པ་དང་འབྲེལ་མི་རིཌ་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བཞུགས་མོལ་ཡང་གནང་བ།

འདི་ནི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་སོགས་འགོ་ཁྲིད་བློ་མཐུན་ཚོས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་9ཉིན། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པས་ཆབ་མདོ་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་། ཆབ་མདོར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག འཐབ་ཕྱོགས་གཅིག་གྱུར་གྱི་རྒྱལ་གཅེས་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བཞུགས་མོལ་གནང་བ་དང་ཆབས་ཅིག ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འབྲེལ་ཡོད་རྟེན་འབྲེལ་བྱེད་སྒོར་ཞུགས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ཀྱི་ཚབ་ཞུས་ནས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག བྱམས་པ་གླིང་དགོན་བཅས་ལ་རྟེན་འབྲེལ་སྒོ་བན་གནང་བ་རེད། ནུབ་རྒྱུད་འཐབ་ཁུལ་གྱི་ཚན་མོའུ་ཀྲང་གཞོན་པ་ཏེང་ཀྲེ་ཕིང་དང་། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཀྲོང་ཡན། དབང་ཧའེ་ཅང་། ལིའུ་ཅང་བཅས་ཚོགས་འདུར་ཞུགས་པ་རེད།

ཚེས་9ཉིན་གྱི་ཞོགས་པར། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ནུབ་རྒྱུད་འཐབ་ཁུལ་གྱི་འགོ་ཁྲིད་བློ་མཐུན་དང་ཆབ་མདོའི་གཡུལ་འགྱེད་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་གི་འཐུས་མི། དེ་བཞིན་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་། ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཆབ་མདོའི་བཅིངས་འགྲོལ་ཐང་ཆེན་དུ་འཛོམས་ཏེ། ཆབ་མདོ་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ། ཆབ་མདོ་བཅིངས་འགྲོལ་གཏོང་བ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ། དམངས་གཙོའི་བཅོས་སྒྱུར། བརྟན་ལྷིང་སྲུང་སྐྱོང། དཔལ་འབྱོར་འཛུགས་སྐྲུན་བཅས་བྱེད་རིང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་སྙིང་དབུས་ནས་རྗེས་དྲན་ཞུས་པ་རེད།

ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ནུབ་རྒྱུད་འཐབ་ཁུལ་གྱི་འགོ་ཁྲིད་བློ་མཐུན་བཅས་ཀྱིས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག་སོགས་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཆབ་མདོར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་དང་། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས། དམག་ལོག་ལས་སྒྱུར་དམག་མི། དམག་མིའི་ནང་མི། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཆབ་མདོར་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཚོས་ཆབ་མདོའི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡུན་རིང་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོག་པའི་ཇུས་འགོད་དང་བཀོད་སྒྲིག་གནང་བ་ལས་མཚོན་བྱེད་རང་བཞིན་དང་། ལམ་ཚད་རྡོ་རིང་། དུས་རབས་འབྱེད་པ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཆབ་མདོར་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་དགོས།

ཆབ་མདོ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱལ་གཅེས་མི་སྣ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་སྐབས། ཝུའུ་དབྱིང་ཅེས་དང་ཐོག་ཆབ་མདོ་གྲོང་ཁྱེར་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱལ་གཅེས་མི་སྣ་དང་ཆོས་ལུགས་ལས་རིགས་མི་སྣས་དུས་ཡུན་རིང་པོའི་ནང་རང་ངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ཚོས་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་བར་ཁས་ལེན་གང་ལེགས་གནང་བ་རེད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། མི་རིང་བའི་གོང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས། རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣར་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མངོན་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་མཐའ་འཁྱོངས་དང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་ཁ་གཅིག་མཐུན་དང་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས།

རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ནུབ་རྒྱུད་འཐབ་ཁུལ་གྱི་འགོ་ཁྲིད་བློ་མཐུན་ཚོས་ད་དུང་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི་རིན་ཆེན་མཚོ་མོ་དང་། བུ་ཐུབ་བསྟན། བུ་ལགས། མི་དམངས་དགེ་རྒན་གྱི་འཐུས་མི་ཐང་ཧྥུང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་འཐུས་མི་ཟླ་བ་ལྷ་མོ། སྨན་དོན་པའི་འཐུས་མི་ཀྲུང་ཁྲུན། གྲྭ་བཙུན་གྱི་འཐུས་མི་བློ་བཟང་རྒྱལ་མཚན་བཅས་ཀྱིས་རང་ཉིད་ཀྱི་མྱོང་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་འཕོ་འགྱུར་ཆེན་པོ་ལྷུག་པོར་གླེང་བ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་དྲིན་ཚོར་གྱི་བརྩེ་སེམས་མཚོན་པར་བྱས་པ་རེད།

ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་སྦྲགས། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཚོན་བྱེད་དུ་བྱས་ཏེ་ཆབ་མདོ་དང་ལྗོངས་ཡོངས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། ཁྱིམ་ཚང་ཀུན་གྱིས་རྟོགས་པ་དང་མི་ཚང་མས་རྟོགས་པའི་འགན་ལེན་བྱེད་དགོས་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་ཐབས་ཇུས་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར། བློ་གྲོས་དང་སྟོབས་ཤུགས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གཅིག་འདུས་བཅས་བྱེད་པའི་ཁྲིད་སྟོན་ཡང་བྱེད་དགོས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་གོ་བདེ་ཞིང་ཤེས་སླ་བའི་བྱེད་སྟངས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འགྱུར་ལྡོག་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཏན་ཏིག་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་འགྲན་ཟླ་བྲལ་བའི་ཁྱད་འཕགས་ཡིན་པ་ཏན་ཏིག་ཚོར་བ། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་དང་ཇི་ལྟར་བྱུང་བ་གསལ་པོར་རྟོགས་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་བེད་སྤྱད་ནས་ཐོན་པའི་ཕན་མེད་ཤུགས་རྐྱེན་དར་ཆ་གསལ་སྟོན་གྱིས་གཙང་སེལ་བྱས་ཏེ་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་དད་མོས་དང་འཚོ་བ་ཕན་ཚུན་དབྱེ་བ་འབྱེད་པ་དང་། ཆོས་ལུགས་དད་མོས་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཕན་ཚུན་དབྱེ་བ་འབྱེད་པ། ཆོས་ལུགས་དད་མོས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཕན་ཚུན་དབྱེ་བ་འབྱེད་པ། ཆོས་ལུགས་དད་མོས་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་ཕན་ཚུན་དབྱེ་བ་འབྱེད་པ་བཅས་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་འབྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅས་བྱེད་དགོས། ཡུན་རིང་ནང་ཆབ་མདོའི་མི་རིགས་ཁག་དབར་མཐུན་སྒྲིལ་རོགས་རེས་བྱས་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བ། རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཆེ་རུ་གཏོང་བ། མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་དོན་ཐམས་ཅད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐོག་གཅིག་འདུས་བྱས་ཏེ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུར་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་དང་། མི་སེམས་ཐོབ་གང་ཐུབ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བཅས་བྱེད་དགོས། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང་ཁྲིམས་སྦྱོང་ཁྲིམས་སྤྱོད་ཁྲིམས་སྲུང་ཐུབ་པ་བྱེད་དགོས། འགན་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་བཞག་ནས་རང་ཉིད་ཀྱི་ལས་གནས་ཐོག་འགན་ནུས་ནན་ཏན་བསྒྲུབས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

(པད་མ་དབྱངས་ཅན་གྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)