《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月10日

ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་གསར་གཏོད་རྣམ་པར་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་བ།

ཚན་པ་25ཡིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གྲུབ་འབྲས་ཐོན་པའི་ངང་རེ་ཞུ་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས“ལྟེ་བར་དམིགས་པ་དང་། དཔུང་ཁག་འཛུགས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་པས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕན་འབྲས་ཡག་པོ་ཐོབ་ཡོད།

འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ཁྱད་ལྡན་བྱེད་སྒོ་སྤེལ་ཏེ། ཏང་འཛུགས་སྐྱོང་གི་བྱེད་སྒོའི་གསོན་ཤུགས་འཕེལ་བར་བྱས་པ་དང་། ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུཌ་ཀྱིས་རང་ངོས་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུར་ཁྲིད་སྟོན་བྱས་ཤིང་། ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་25ཡིས་ཏང་འཛུགས་སྐྱོང་གི་སྤུས་རྟཌ་གྲུབ་འབྲས་ཐོན་པའི་ངང་རེ་ཞུ་བྱས་ཡོད།