《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月08日

ལས་གནས་ཡག་པོ་བསྲུངས་ནས་མཐའ་མཚམས་བརྟན་སྲུང་བྱེད།

ཉིན་ཤས་གོང་། “འཚོ་ཐབས་དཀའ་བའི་ཁུལ”དུ་བཅའ་སྡོད་བྱེད་མཁན་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཤོག་ཞིག་གི་སྐོར་གཡེང་ཡན་ལག་རུ་ཁག་གིས་འཆར་གཞི་ལྟར་ས་ཆ་ཞིག་ཏུ་སྐོར་གཡེང་བྱས་པ་རེད། མ་གཞི་རི་འདབས་ནས་རི་རྩེ་བར་ཐད་ཀར་བར་ཐག་སྨི་1000ལྷག་ཙམ་ལས་མེད་ནའང་། སྐོར་གཡེང་ལམ་དུ་ལམ་ཁུག་ཀྱོག་130ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད། དཔོན་དམག་ཚོས་ཀྱག་ཀྱོག་གི་ལམ་བུར་ཚ་གདུག་ཆེ་བའི་ཉི་མའི་འོད་ཟེར་དང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་ཆུ་ཚོད་2ལྷག་ཙམ་བསྐྱོད་རྗེས་སྐོར་གཡེང་གི་ལས་འགན་ལེགས་གྲུབ་བྱུང་ཡོད། འདི་ནི་དཔོན་དམག་ཚོས་རི་རྩེ་ནས་སྐྱོད་བཞིན་པ།