《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月08日

ཀྲུང་གོ་བོད་ལྗོངས་རི་འཛེག་རུ་ཁག་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་བོད་ལྗོངས་རི་འཛེག་རུ་ཁག་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོ་རི་འཛེག་མཐུན་ཚོགས་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་དང་འབྲེལ། ཀྲུང་གོ་བོད་ལྗོངས་རི་འཛེག་རུ་ཁག་བཙུགས་ནས་ལོ་60སོང་རིང་གི་ལས་དོན་ངོ་སྤྲོད་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཀྲུང་གོ་བའི་ཆེད་དུ་ཇོ་མོ་གླང་མའི་རྩེ་མོར་འཛེག་མཁན་རི་འཛེག་མཁས་ཅན་མགོན་པོ་དང་། ཝང་ཧྥུའུ་ཀྲོའུ་ཡི་ནང་མི་ཝང་དབྱི། ཆུས་དབྱིང་ཧྭའི་ནང་མི་ཆུས་ཧུང་བཅས་ལ་དྲན་རྟེན་དངོས་རྫས་སྤྲད་པ་དང་བོད་ཀྱི་རི་འཛེག་བྱ་གཞག་ལ་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་རི་འཛེག་ལུས་རྩལ་པར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲད་པ་རེད།