《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月08日

ཁྲོན་བོད་ལྕགས་ལམ་ཆབ་མདོ་དུམ་བུའི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བརྟག་ཞིབ་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2019ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོན་བོད་ལྕགས་ལམ་ཆབ་མདོ་དུམ་བུའི་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་ཁྲོན་བོད་ལྕགས་ལམ་གཞུང་དོན་ཁང་གིས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་འཕེལ་རིམ་གལ་ཆེན་ཐོབ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་རེད།

ཁྲོན་བོད་ལྕགས་ལམ་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས་ཆེད་བསྐོས་མི་སྣ་པེ་ཅིང་དང་། ལྷ་ས། ཇུས་འགོད་ཚན་པ་བཅས་སུ་ཐེངས་མང་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་འབྲེལ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྲོན་བོད་ལྕགས་ལམ་ཚད་ཡོད་ཀུང་སི་ཀྲུང་གོ་ལྕགས་ལམ་ཁང་དང་པོ་དང་ཀྲུང་གོ་ལྕགས་ལམ་ཁང་གཉིས་པ་སོགས་ཚན་པའི་དབར་གྱི་ལས་དོན་སྦྲེལ་མཐུད་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཁྲོན་བོད་ལྕགས་ལམ་གྱི་དུས་འགོའི་ལས་གྲྭའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྔ་ཙམ་འཆར་འགོད་བྱས་པ་རེད། 2019ལོར། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོན་བོད་ལྕགས་ལམ་གྱི་སྤྱོད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུའི་ཆབ་མདོའི་ས་ཁོངས་ཀྱི་ལྕགས་ལམ་ཕྱིའི་ལས་རིགས་དཔྱད་ཞིབ་འཆར་འགོད་དང་། ཆབ་མདོ་དུམ་བུའི་ས་གནས་ས་ཐོག་གི་རྩད་ཞིབ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལྟ་ཞིབ། ས་བསྡུ་བཤིག་སྤོ་མཐིལ་རྟོགས་སོགས་ཀྱི་ལས་དོན་སྤེལ་བ་དང་འབྲེལ་2020ལོའི་ཟླ་6པར་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ས་གནས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆེད་དོན་བརྟག་ཞིབ་དང་དེ་བཞིན་ཁྲོན་བོད་ལྕགས་ལམ་གྱི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་ས་གནས་ས་ཐོག་གི་བརྟག་ཞིབ་གཞོཌ་འདེགས་ལེགས་སྒྲུབ་བྱས་པ་རེད།