《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月08日

ལྷ་ས་གྲོང་ཁྱེར་སྣེའུ་ཁྲོམ་གཞུང་གིས།

ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ ནས་ཞིང་པར་ལོ་ཏོག་བསྡུ་རོགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་ཡོན་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྣེའུ་ཁྲོམ་གཞུང་གིས་ལས་ཁུངས་ཀྱི་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། ཞིང་ནང་དང་མུ་ཁར་བསྐྱོད་ནས“ཞིང་རོགས་བརྔ་བསྡུ་དང་སྡུག་དྲན་སྐྱིད་བསམ”གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་བའི་ཉིན་མོར། དང་བླངས་པ་ཚོ་སྣེའུ་ཁྲོམ་གཞུང་བདེ་ཡངས་གྲོང་ཚོའི་ཏང་ཡོན་རྒན་གྲས་ཡེ་ཤེས་ཁྱིམ་གྱི་ཞིང་ཁར་བསྐྱོད་ནས། “ཞིང་རོགས་བརྔ་བསྡུའི”ཞབས་ཞུའི་ལས་དོན་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཏང་ཡོན་དང་བླངས་པ་ཚོའི་ངར་ཤུགས་ཧ་ཅང་ཆེ་བ་དང་ཚ་ཟེར་གྱི་ཉི་འོད་ཁྲོད་དུས་ཐུང་ཆུ་ཚོད་ཁ་ཤས་ནང་ལོ་ཏོག་ཁག་གཅིག་བརྔས་ཟིན་པ་རེད། བརྔ་བསྡུ་བྱས་ཟིན་པའི་ལོ་ཏོག་ལ་བལྟ་སྐབས། དང་བླངས་པ་ཚོས་ངལ་རྩོལ་ནང་ཞུགས་པའི་སྤྲོ་སྣང་འཕེལ་ཐུབ་པ་བྱུང་བ་མ་ཟད། འབྲུ་རིགས་ལ་གཅེས་སྤྲས་བྱས་ནས་འཕྲོ་བརླག་གཏོང་རྒྱུ་འགོག་པའི་གནས་ལུགས་ཀྱང་རྟོགས་ཐུབ་པ་བྱུང་བ་རེད།