《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月06日

གཙང་གསུམ་ས་གཞིར་བདེ་ཞིང་སྐྱིད་པའི་གླུ་དབྱངས་སྐད་གསང་མཐོན་པོས་ལེན།

མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་རྒྱུན་ཆད་མེད་པར་སོང་བ།

ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལོ་དང་། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོའང་ཡིན། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་བུ་ཕྲུག་གིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པར་མིག་མཐོང་ལག་ཟིན་གྱི་བདེ་འཇགས་ཚོར་སྣང་དང་སྐྱིད་སྣང་ལོངས་སུ་སྤྱོད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དེ་ཡོངས་ཀྱི་ཉེས་དོན་གྱོད་གཞི་དང་། བདེ་འཇགས་གྱོད་གཞི། བདེ་འཇགས་ལ་ཉེན་ཁ་བཟོ་བའི་གྱོད་གཞི། སྤྱི་པའི་བདེ་འཇཌ་དོན་རྐྱེན་བཅས་ཧ་ཅང་ཉུང་དུ་སོང་ཞིང་། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཁར“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དུད་ཚང་ཀུན་ལ་ཁྱབ་པ་དང་མི་སེམས་ལ་ཟུག་པ་སོགས་བྱས་ཡོད།

དགའ་འོས་པའི་གྲུབ་འབྲས་དེ་དག་ལས་བོད་ཤར་རྒྱུད་ཀྱི་བུ་ཕྲུག་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པའི་ཆོད་སེམས་དང་། ཡིད་ཆེས། སྙིང་རུས་བཅས་འདུས་ཡོད།

“བོད་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས”

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གང་ལེགས་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོ་བཅངས་ནས་ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་འཕེལ་རྒྱས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་མངོན་གསལ་དོད་པ། མི་རིགས་མཐུན་སྒྲིལ་ཞི་མཐུན། ཆོས་ལུགས་འཆམ་མཐུན་ལམ་ལྷོངས། སྣོད་བཅུད་ཁོར་ཡུག་ལེགས་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་བྱུང་སྟེ་བྱ་གཞག་ཁག་ལ་གང་ས་ཅི་ཐད་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

དུས་ཡུན་རིང་པོར་ཆབ་མདོའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ནན་པོར་གཞིགས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དང་རྡུང་རྡེག་དེ་བཞིན་ཡན་ལག་བཅོས་པ་དང་རྩ་བཅོས་བཅས་ཟུང་འབྲེལ་དམ་ཚགས་བྱས་ནས་ཏང་གི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྣ་ཚོགས་ཤུགས་ཆེན་སྤེལ་བ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཁར། དུས་བདེའི་ཆབ་མདོ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་ཁྱོན་དོ་དམ་ཚོད་འཛིན་དང་མི་དམངས་ནང་ཁུལ་གྱི་འགལ་བ་གྲལ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཐེབས་ཡོད།

ད་ཆའི་ཆབ་མདོར་མི་རིགས་ཁག་གི་མང་ཚོགས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་གྱུར་པ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཐད་ཀྱི་མི་དམངས་ཀྱི་ཡིད་ཆེས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

སྤྱི་ཚོགས་བཅོས་སྐྱོང་ཐད་བྱ་ཐབས་སྣ་མང་སྤྱད་པ།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་དེ་ཀུན་ལས་ལྷག་པའི་ཆབ་སྲིད་ལས་འགན་དང་ཀུན་ལས་གལ་ཆེ་བའི་ཆབ་སྲིད་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱིའི་དམིགས་ཚད་ལ་གཞིགས་པ་དང་། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་མཐའ་འཁྱོངས་བྱས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ལྕགས་དང་ངར་ལྕགས་ཀྱི་ལྕགས་རི་རིང་པོ་བརྟན་པོ་ཞིག་བསྐྲུན་པ་རེད།

ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུ་དེ་རྩ་བའི་དམིགས་ཚད་དུ་བྱ་རྒྱུར་དམ་པོར་དམིགས་ནས་ཆབ་མདོ་གྲོང་ཁྱེར་གྱིས་མངགས་གཏོང་ཁང་143དང་། ཞིབ་བཤེར་ས་ཚིགས་33 དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་150བཅས་སྔ་རྗེས་སུ་བསྐྲུན་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་དྲ་མིག་141འཆར་འགོད་བྱས་ནས་བཟོས་པ་དང་། དྲ་མིག་ཉེན་རྟོག་པ་6097བཀོད་སྒྲིག་བྱས་པས་ཉེན་རྟོག་པ་ཤང་དང་གྲོང་རྡལ་དང་། གྲོང་ཚོ། དགོན་སྡེ་བཅས་སུ་བཅའ་སྡོད་བྱས་ཏེ་ཁོངས་གཏོགས་ཁུལ་དུ་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་ཡོངས་སུ་ཁྱབ་ཡོད།

བརྟན་ལྷིང་སྔར་བས་སྲུང་སྐྱོང་བྱ་ཆེད་ཕྱོགས་བསྡུས་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ཆབ་མདོ་གྲོང་ཁྱེར་དུ“དྲ་བ་བརྒྱད”ཀྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་གྲུབ་ཁར“གནམ་དྲའི་འདུ་འགོད”དང“དཀར་གསལ་འདུ་འགོད”ཀྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་མ་ཟད“ཉེན་རྟོག་པ་ཁྲི་བརྒྱ་དུད་ཚང་ཁྲི་སྟོང་མང་པོར་བསྐྱོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ནས་མི་དམངས་ཉེན་རྟོག་པ་སྡེ་ཁུལ་དང་། འབྲོག་ཁུལ། སློབ་གྲྭ དགོན་སྡེ་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་དང་། མང་ཚོགས་ལ་འབྲེལ་གཏུག་རྒྱ་ཁྱབ་བྱས་ནས་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞིའི་ཐད་སྣ་མང་གི་སྔོན་འགོག་དང་འདུམ་འགྲིག་བྱས་པ་རེད།

མི་རིགས་ཁག་ལྟ་རེས་སྐྱོང་རེས་ཀྱིས་མཉམ་དུ་འཕེལ་རྒྱས་བྱུང་བ།

དུས་ཡུན་རིང་པོར་ཆབ་མདོ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་དང་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་རིགས་མཐུན་སྒྲིལ་དེ་ལས་ཀའི་སྤྱི་ཡོངས་ནང་བཞག་སྟེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་གཏིང་ཟབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་མ་ཟད། དུས་ཆེན་དང་རྟེན་འབྲེལ་གལ་ཆེན་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི“གཤམ་སྤེལ་བདུན”གྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དུད་ཚང་ཀུན་ལ་ཁྱབ་པ་དང་མི་སེམས་ལ་ཟུག་པར་བྱས་ཡོད།

མི་རིགས་ཁག་ཞི་མཐུན་བརྟན་ལྷིང་མེད་ཚེ། དུས་བདེའི་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་ཞིག་ཡོང་ཐབས་བྲལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཉེ་འགྲམ་ནས་ཐོན་པའི་འཕོ་འགྱུར་ཆེན་པོ་ལས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པའི་གནས་ལུགས་ཟབ་མོ་ཚོར་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁྲོད། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོ་མཐུན་སྒྲིལ་ཐུབ་སྟེ་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གཏིང་ཟབ་ཐུབ་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་གི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ། སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཆུ་དང་འོ་མ་ལྟར་བརྩེ་བ་ཇེ་ཟབ་དང་སྤུན་མཆེད་ལྟར་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།

ངོ་མཚར་ཆེ་བའི་འཕོ་འགྱུར་ལས། བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད། ད་ཆ་བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཚོས་ཕྱར་བ་གྲུ་འདེགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྔར་བས་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་གཏོད་བཞིན་མཆིས།

(བདེ་ཆེན་སྒྲོལ་དཀར་དང་བསོད་ནམས་ཆོས་སྐྱིད་ཀྱིས་སྒྱུར་ཞུས་བྱས)