《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月06日

ཐུང་ཀྲོའུ་ཆུས་ཀྱིས་ཁྲེང་ཀོན་ཆུས་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་ཆེར་གཏོང་ལ་རམ་འདེགས་བྱེད་པའི་ཆེད་དོན་དྲ་ཕྱིའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྱིས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་ནུས་པ་ཆེར་གཏོང་ལ་རམ་འདེགས་བྱེད་པའི་ཆེད་དོན་དྲ་ཕྱིའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་གིས་དྲ་ཕྱིའི་ས་ཆ་དངོས་ཀྱི་སློབ་ཁྲིད་གཙོ་བོར་བྱས་ཏེ་ཐུང་ཀྲོའུ་ཆུས་ཨུད་རྩ་འཛུགས་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་སློབ་མའི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ལྟ་སྐོར་སློབ་སྦྱོང་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་དང་བྱ་ཐབས་སློབ་སྦྱོང་བྱས་ཏེ། སླད་ཕྱིན་ལས་དོན་སྤེལ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

“སྲིད་གཞུང་གིས་ང་ཚོར་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་གནང་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཤེས་བྱ་འཆད་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་གོ་སྐབས་ལ་གཅེས་འཛིན་བྱས་ཏེ། ཕྱུག་འགྱུར་སྣེ་ཁྲིད་པའི་འགན་འཁྲི་གཙང་སྒྲུབ་དང་། རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱའི་རྩལ་ནུས་ལག་ལེན་དངོས་ནང་སྤྱོད་པ། ཉེ་འཁོར་གྱི་མང་ཚོགས་ལ་རྒྱུད་སྤྲོད་བཅས་བྱས་ནས་མཉམ་དུ་ཉམས་ལེན་ཐུབ་པ་དང་ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུ་ཡིན”ཞེས་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་ལྷོ་ངོས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཚེ་རིང་ཕུན་ཚོགས་ཀྱིས་བཤད།