《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月06日

2020ལོའི་ཀྲུང་གོའི་འཕུར་སྐྱོད་ཕུགས་འདུན་གྱི་ཚན་རིག་ཁྱབ་གདལ་གྱི་ཀྲུང་གོའི་ལེ་དབར་ཁྲིར་སྐྱོད་པའི་བྱེད་སྒོ་ཉིང་ཁྲིར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2020ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི“ཀྲུང་གོའི་འཕུར་སྐྱོད་ཕུགས་འདུན”གྱི་ཚན་རིག་ཁྱབ་གདལ་གྱི་ཀྲུང་གོའི་ལེ་དབར་ཁྲིར་སྐྱོད་པའི་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། པེ་ཅིང་གྲོང་ཁྱེར་འཕུར་སྐྱོད་པའི་མཁའ་འགྲུལ་ཚན་རིག་ཁྱབ་གདལ་སྐུལ་སྤེལ་ལྟེ་གནས་ཀྱི་ལས་དོན་པས་སློབ་ཕྲུག་རྣམས་ལ་མཁའ་ལམ་དང་། གནམ་གྲུའི་གྲུབ་ཆ། འཕུར་རྩལ་སོགས་ཐད་ཀྱི་མཁའ་འགྲུལ་ཤེས་བྱ་གསལ་འགྲེལ་བྱས་པ་རེད། ས་གནས་ས་ཐོག་ཏུ་ད་དུང་གསོན་ཉམས་དོད་ལ་དགོད་བྲོ་བའི་རོལ་རྩེད་ལ་བརྟེན་ནས་སློབ་ཕྲུག་ཚོས་གནམ་གྲུ་འཕུར་སྐྱོད་བྱེད་རིང་འཕུར་སྐྱོད་པ་དང་ས་ངོས་དོ་དམ་པའི་ལས་ཀའི་བླང་བྱ་ཤེས་ཐུབ་པར་བྱས་པ་དང་། སྒྲོག་འགྲེལ་པས་ཚང་མའི་སྣེ་ཁྲིད་དེ《མཁའ་འགྲུལ་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ》ཞེས་པའི་བརྙན་ཐུང་བལྟས་ཏེ་མཁའ་འགྲུལ་ལས་ལ་ཞུགས་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་མཁའ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྙིང་སྟོབས་གླེང་བ་མ་ཟད། ད་དུང་སློབ་སྟོན་པས་སློབ་མ་རྣམས་ལ“མཁའ་དབྱིངས་རྒྱལ་པོ”རྟགས་ཅན་གྱི་ཤོག་བུའི་གནམ་གྲུ་ལྟེབ་ཚིགས་རྒྱག་སྟངས་བསླབས་པ་དང་འདྲ་བཟོའི་གནམ་གྲུར་ལྟ་རུ་འཇུག་པ་སོགས་སློབ་མ་ཚོར་ལག་པ་སྒུལ་དུ་བཅུག་སྟེ་མཁའ་དབྱིངས་སུ་འཕུར་བའི་ཁོང་ཚོའི་ཕུགས་འདུན་སྔར་བས་རྒྱས་པར་བྱས་པ་རེད།