《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月29日

བུད་མེད་བྱ་གཞག་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ དཔེ་མཚོན་གྱིས་འཛམ་གླིང་ལ་ཕན་པ་བསྐྲུན་པ།

▶ བུད་མེད་ཡིག་རྨོངས་བའི་ཚད་གཞི་དེ་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གི་90%ནས་2017ལོའི་7.3%བར་ཉུང་དུ་ཆག་པ།

▶ 2015ལོའི་བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.4ཡིན་པ་དེ་ཀྲུང་གོ་གསར་པ་དབུ་བརྙེས་སྐབས་ལས་ལོ་42.7རིང་དུ་ཕྱིན་པ།

▶ 2017ལོའི་རྒྱལ་ཡོངས་ཀྱི་བུད་མེད་ལས་ཞུགས་མི་གྲངས་དུང་ཕྱུར་3.4ཟིན་པ་དེ་1978ལོའི་ལྡབ་གཅིག་ཡིན་པ།

བུད་མེད་སྟོང་ཕྲག་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་པ་དང་། བུད་མེད་ཕྱི་འབྲེལ་དཔོན་ཁག་གཅིག་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱབ་ཁོངས་སུ་ཡོད་པ། རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོའི་བུད་མེད་ཀྱིས་ཉམས་འགྱུར་གང་ལེགས་མངོན་ནས་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

ཀྲུང་གོ་ནི་སྔར་ནས་བཟུང་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་དང་དབུལ་པོ་ཉུང་གཏོང་བྱ་གཞག་ཧུར་བརྩོན་ཆེན་པོས་དར་སྤེལ་གཏོང་མཁན་ཞིག་དང་ནུས་ལྡན་གྱིས་སྐུལ་འདེད་གཏོང་མཁན་ཞིག་ཡིན།

◆ 2020ལོར། ཀྲུང་གོས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ། དེ་ཡང་ཀྲུང་གོའི་དབུལ་སྒྲོལ་མི་འབོར་དུང་ཕྱུར་7གྱི་ཁྲོད་བུད་མེད་ཀྱིས་ཕྱེད་ཙམ་བཟུང་ཡོད།

◆ ཀྲུང་གོས་བུད་མེད་དབུལ་པོ་དབུལ་སྒྲོལ་དང་འཕེལ་རྒྱས་གཏོང་རྒྱུར་ཧུར་ཐག་གཞོལ་ནས། དཔལ་འབྱོར་འཕེལ་རྒྱས་དང་། ལས་ཞུགས་ལས་གཏོད། རིག་གནས་སློབ་གསོ། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་ཐང་། དགེ་སྒྲུབ་སྤྱི་ཕན་སོགས་ཐད། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།