《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月25日

སྤུ་ཧྲེང་རྫོང་བར་ག་ཤང་གི་མང་ཚོགས་ཚོས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བར་ག་ཤང་དེ་ཉིད་སྤུ་ཧྲེང་རྫོང་གི་ཤར་བྱང་རྒྱུད་དུ་ཡོད་པ་དང་ཤང་ཡོངས་ཀྱི་སྲིད་འཛིན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4086ཟིན་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4700ཡོད་ཅིང་། སྲིད་འཛིན་གྲོང་ཚོ་གཉིས་དང་དེ་བཞིན་གྲོང་མིའི་ཚོགས་ཆུང་7ཡོད་པ་རེད། 2019ལོར་ཤང་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་སྒོར་ཁྲི་3357ཟིན་པ་དེ་དུས་མཚུངས་ལས་24.6%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18798ཟིན་པ་དེ་དུས་མཚུངས་ལས་19.08%འཕར་ཡོད།

ད་ཕན་ལོ་ཤས་རིང་སྤུ་ཧྲེང་རྫོང་བར་ག་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། གནས་རི་དང་མཚེའུ་ཡི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེཌ་ཆར་བརྟེན་པ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཡུལ་སྐོར་གསར་སྤེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཡུལ་སྐོར་དང་སྣོད་བཅུད་ལ་བརྟེན་ནས་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱས་པ་རེད།